2015/05/13

སྐུལ་བྱང་།

གངས་ཇོ་གླང་མ།

རིག་འཛིན་ཁྱུང་།
ཨ་ཅེ་ཚེ་རིང་མཆེད་ལྔ་ཚེ་རིང་ལོ་བརྒྱ་རྣམ་པ། །
མགོ་སྤྲུག་ལུས་སྤྲུག་གནང་ཡ་ད་ནི་ཉུང་ཙམ་ཡིན་གདའ། །
བལ་པོའི་ཡུལ་ཁམས་རྡབ་ཚོད་གསིག་ཚོད་རེད་ཐལ། །
ད་ནི་བྱ་རུང་ཁ་ཤོས་ཁ་དེ་ཤོར་གྲབས་བྱས་སོང་། །

མ་ཡུམ་དུས་ཆེན། Mother Day

ཨ་མའི་དུས་ཆེན་ནི་ཨ་རི་བའི་བུད་མེད-རྗུ་ལི་ཡ-ཝར་ཌི-ཧོ་ཝེ-དང་ཨེན་ན-རྗར་ཝི་སུ-གཉིས་ལ་བརྟན་ནས བྱུང་བ་སྟེ། དེ་ཡང་ཐོག་མར་སྤྱི་ལོ་1870 ནང་ནས་འགོ་བཙུགས་ཏེ། ཨ་རིའི-བྷོ་སུ-ཊོན-ས་གནས་སུ-ལྕམ-རྗུ་ལི་ཡི-ཡིས་འགྲོ་གྲོན་བཏང་སྟེ་ལོ་རེ་བཞིན་སྐྱེས་མ་རྣམས་ལྷན་འཛོམས་ཐོག་དྲག་པོའི་དམག་ཆས་ཉུང་འཕྲི་དང་ཞི་བདེ་མཉམ་གནས་ཡོང་བའི་ལས་འགུལ་སྤེལ་བ་དེ་ནི་ཨ་མའི་དུས་ཆེན་འབྱུང་རྩའི་ས་བོན་ལྟ་བུ་ཡིན་པ་རེད། དེ་རྗེས་ལོ་ཤས་འདས་རྗེས་ཏེ་སྤྱི་ལོ་1908 ནང་དུ-ལྕམ-ཨེན་ན-རྗར་ཝིས་སི-ནས་ནུབ་ཝིར་རྗིན-ནི་ཡའི-ཁུལ-གྷ་ར-ཧྤུ་ཊོན-གྱི-ཨན་ཌ་རོའི-མེ་ཐོ-ཌི་སུ-ཊི-མཆོད་ཁང་ནང་དུ་«ཨ་མའི་ཉིན་མོ་» ཆེས་ཐོག་མ་དེ་དངོས་དུ་བཙུགས་ཡོད།

དུས་ཆེན་དེའི་དུས་ཚོད་ནི་ལོ་རེའི་སྤྱི་ཟླ་ལྔ་པའི་རེས་གཟའ་ཉི་མ་གཉིས་པ་ནམ་ཁེལ་ལ་གཏན་འབེབས་བྱས་ཡོད།
***********************************

2015/04/19

སྡོམ།

1. Brazilian Wandering Spider བྷི་ར་རྫིལ་གྱི་སྡོམ་འཁྱམས།
སྡོམ་འདི་ནི་འཛམ་གླིང་ནང་གི་དུག་ཤུགས་ཆེས་ཆེ་བའི་འབུ་སྡོམ་ཨང་དང་པོ་དེ་ཡིན་པ་ ༢༠༡༠ ལོར་འཛམ་གླིང་ཟིན་ཐོར་བཀོད་ཡོད་ལ་ནུས་ཤུགས་ཀྱང་ཤིན་ཏུ་ཆེ། མ་ཟད་འདིས་སོ་རྒྱག་པའི་ཉེན་ཁ་ཡང་ཧ་ཅང་ཆེ། འདིས་སོ་བརྒྱབ་པ་ཡིན་ན་ཕྲ་ཕུང་དུག་ལྡན་དག་གིས་དབུགས་གཏོང་རྒྱུར་དཀའ་བར་བཟོས་ཏེ་མཐར་འཆི་ལམ་དུ་འགྲོ་བ་དང་། དམིགས་བསལ་དུ་འདིའི་དུག་གིས་ཕོ་དབང་ནུས་མེད་དུ་འགྲོ་བ་སོགས་གནོད་ཚབས་ཧ་ཅང་ཆེ། སྨན་བཅོས་བྱ་བར་ངེས་པར་དུ་ཁབ་བརྒྱབ་དགོས། འགོག་ཁབ་བརྒྱབ་རྗེས་ཤི་བའི་གནས་ཚུལ་ཡང་འབྱུང་གི་་ཡོད།


2015/03/21

ཨ་མའི་བུ་མོ།

༼ལྕགས་སྒོང་རྡོ་སྒོང་།༽
༡ བལ་ཡུལ་བཙུན་དགོན།

ལོ་ཤས་སྔོན་བལ་ཡུལ་ཡང་ལེ་ཤོད་དུ་ཕྱི་རྒྱལ་སྦྱིན་བདག་གིས་བཞེངས་པའི་བཙུན་དགོན་ཞིག་ཏུ་ཚོགས་གྲོལ་ནས་བཙུན་མ་རྣམས་གླིང་ཀ་དང་སྒོ་ཁེབ་འོག་སོགས་སུ་སོ་སོའི་མཐུན་ཕྱོགས་གཉིས་གསུམ་རེ་འཛོམས་ནས་སྐད་ཆ་བཤད་པ་དང་རྩེ་མོ་རྩེ་བ་སོགས་བྱེད་བཞིན་མཆིས། དགོན་འདབས་གྱི་ལྗོན་ཤིང་ཆེན་པོ་དེའི་བསིལ་གྲིབ་འོག་ཏུ་ཇོ་རྒན་མ་ཚོན་པོ་ཞིག་གིས་རང་གི་དགེ་ཕྲུག་བཙུན་ཆུང་མ་ཡིད་དུ་འོང་བ་དེར་དགའ་འཛུམ་དམུལ་དམུལ་ངང་ཅི་ཞིག་བཤད་མི་ཚར་བར་བསྡད་འདུག ཚོགས་ཁང་ནང་ད་རུང་གསོལ་ཁ་ཞིག་འཚོགས་རྒྱུ་ཡོད་

2015/03/12

ནམ་ཡང་གསོན་ཐུབ་པའི་མེ་ཏོག

࿑ སིང་གྷ་པུར་གྱི་ཨ་མ་ཞིག་གི་སྐད་ཆ། “ང་རང་ཉིད་ཀྱི་བུ་དང་མ་ཐུག་ནས་མི་ལོ་བཅུ་ཕྲག་ལྷག་ཕྱིན་སོང་། ད་ཆ་བུ་གང་དུ་ཡོད་མིན་དང་བདེ་མིན་སོགས་ཀྱི་གནས་ཚུལ་གང་ཡང་གོ་རྒྱུ་མི་འདུག ད་ཚོད་ཕལ་ཆེར་ག་ཤེད་ཅིག་ཏུ་བུ་ཕྲུག་གསོ་སྐྱོང་བྱེད་ཀྱིན་བསྡད་ཡོད་རྒྱུ་རེད། ང་རང་ནི་ད་ལྟ་བཟོ་ལས་ཁང་ནས་ལས་མཚམས་བཞག་སྟེ་རྒན་གསོ་ཁང་དུ་སྡོད་ཀྱིན་ཡོད་ལ་ཞོར་དུ་ལས་ཀ་ཙག་ཙིག་གཉེར་བཞིན་ཡོད།” ཅེས་པའི་སྐད་ཆ་དེ་དག་རྒྱ་ཡུལ་མྱུལ་བའི་གྲྭ་པ་ཞིག་གི་རྣ་ལམ་དུ་སོན་པ་དང་གྲྭ་པ་དེས་གནམ་ས་གོ་ལྡོག་པ་ལྟ་བུའི་ཧ་ལས་པའི་རྣམ་འགྱུར་ཞིག་སྟོན་བཞིན། “ ཨ་མ་མ། དཀོན་མཆོག་གིས་གཟིགས། དེང་སང་དུས་ངན་ལ་ཕ་མའི་བཀའ་དྲིན་མི་ཤེས་མཁན་གྱི་བུ་རྒྱུད་དེ་འདྲ།” ཅེས་པ་ལ་སོགས་པས་སྡིག་སྨོད་ཀྱི་མེ་ཞིག་སྤར་འགོ་བརྩམས། འོན་ཀྱང་ཨ་མ་ནི་དེ་ལས་

གཡོ་ཟོལ་མེད་པའི་ཉེས་ཆད།

རྒྱ་ཡུལ་དུ་ཆོས་ཚོགས་བཙུགས་ཏེ་འགྲོ་དོན་རྒྱ་ཆེར་སྤེལ་མཁན་བླ་མ་ཉི་ཤར་འབྲུག་གྲགས་རིན་པོ་ལགས་ཀྱིས་རྒྱུན་པར་ཆོས་ཕྱོགས་དང་འབྲེལ་བའི་ལས་གཞི་སྣ་ཚོགས་ཤིག་བསྒྲུབ་ཆེད་ཉིན་མོ་མི་དང་མཚན་མོ་འདྲེ་གནང་སྟེ་འགྲོ་དོན་ལ་འཐུས་ཤོར་བཏང་མ་མྱོང་ཟེར། 
སྐབས་ཞིག་ཁོང་གིས་རྒྱ་རིགས་སློབ་མ་ཚོ་བསྡུས་ཏེ་སྐུ་གསུང་ཐུགས་རྟེན་བཞེངས་བའི་ཕན་ཡོན་མངར་མོ་ཞིག་ཁྱབ་བསྒྲགས་གནང་བ་དང་། དད་པ་དང་འདོད་པ་དབྱེར་མི་ཕྱེད་པའི་མ་སྲུ་གཙོ་བོར་གྱུར་པའི་སློབ་མའི་ཚོགས་ཀྱིས་གུ་རུ་མཚན་བརྒྱད་དང་། མར་མི་དྭགས་གསུམ། རྗེ་ཡབ་སྲས་གསུམ་སོགས་རིས་མེད་ཐང་ག་མང་པོ་བཞེངས་རྒྱུར་ཁས་བླངས། དེང་སང་སྤྱི་ཆོགས་ནང་རིས་མེད་བྲིན་ཆེ་བས་ལོས་ཡིན། བླ་མས་དེ་འཕྲལ་ཉིད་དུ་ཕ་ཡུལ་ནས་རི་མོ་འཁྱར་འཁྱོར་འབྲི་ཤེས་མཁན་ཁག་གཅིག་རྒྱ་ཡུལ་ན་བཀུག་སྟེ་རི་མོ་འབྲི་རུ་བཅུག