2015/05/24

གནའ་བོའི་རྒྱན་ཆ།

རིག་འཛིན་ཁྱུང་པོས་བྲིས།
1. འདི་ནི་བོད་ནང་པའི་<གར་འཆམ་>གྱི་རྒྱན་གོས་ཆ་ལུགས་ཡིན་ཞིང་གསང་སྔགས་ཀྱི་ལྷའི་རྣམ་པ་དག་ཁྲོམ་དུ་འཁྲབ་སྟོན་བྱེད་ཀྱིན་ཡོད་པ་རེད་ལ། གར་མཆམ་གྱི་བར་མཚམས་རེར་རྒྱ་ནག་གི་ཧ་ཤང་དང་རྒྱ་གར་གྱི་ཨ་ཙ་ར། བོད་པའི་གཡག སོག་པོའི་སྟག་ཁྲིད་ལ་སོགས་པ་ཡང་འཁྲབ་ཀྱིན་ཡོད། 



2. འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་དགོན་སྡེ་ཁག་གི་<རྡོབ་རྡོབ་>ཟེར་བ་དེ་ཡིན་ཞིང་སྐྱ་སེར་ཚང་མ་ལ་རྡུང་རྡེག་གཏོང་ཆོག་པའི་མི་སྣ་ཡིན། དཔེར་ན་དུས་རབས་རྙིང་པར་གདན་སའི་རྡོབ་རྡོབ་རྣམས་ཀྱིས་མི་བསད་ནའང་ཉེས་པ་མེད་ཟེར་སྲོལ་ཡོད། གང་ལྟར་ཆ་ལུགས་དང་ཀུན་སྤྱོད་གཉིས་ཀའི་ཐད་ནས་སྟོན་པའི་རྗེས་འཇུག་རབ་ཏུ་བྱུང་བའི་ཚུལ་དང་གཏན་ནས་མི་མཐུན་པ་ཞིག་ཡིན་པར་སྙམ་སྟེ། སྟོན་པའི་སློབ་མ་ཡིན་ན་ཞི་བ་དང་ཞི་བའི་ཚུལ་ཅན་ཡིན་དགོས་པ་དགོས་པ་ལས་དྲག་པོ་དམག་ལ་ཆས་པ་ལྟ་བུའི་གོ་མཚོན་བཏགས་ན་ག་རུང་། དམ་ཆོས་འདུལ་བའི་ནང་གསོ་སྦྱོང་ཡན་ཆོད་དུ་གར་སོགས་ཕྲེང་སོགས་སྤང་བྱར་བདམས་ཡོད།


3. འདིར་རྡོ་དང་། རུས་པ། རྭ་ཅོ། འབུ་ཀོག་ལ་སོགས་པའི་རྒྱན་ཆ་འདི་དག་ནི་གནའ་བོའི་དུས་སུ་འཛམ་གླིང་ཡོངས་ལ་དར་སྲོལ་ཆེ། འོན་ཀྱང་བོད་པས་འདི་དག་མཐའ་ད་རུང་ཡང་བེད་སྤྱོད་བྱེད་ཀྱིན་ཡོད་ལ་དམིགས་བསམ་གཟི་ནི་ཧ་ཅང་རྩ་ཆེར་བརྩི། འཛམ་གླིང་སྤྱི་ཡོངས་ལ་མཚོན་ན་རྡོ་རྗེ་ཕ་ལམ་དང་། གསེར་དཀར་པོ། མུ་ཏིག་སོགས་དར་སྲོལ་ཆེ་བ་ཡིན་པ་འདྲ།


འདི་ཚོ་བཟོ་རྣམ་ཅུང་ཟད་མི་འདྲ་བ་ལས་རྩ་བའི་ཆ་ནས་རིགས་ཧ་ཅང་འདྲ་བས་བོད་སོག་ཐུན་མོང་གི་རྒྱན་ཆ་ཟེར་བཏགས་ནའང་མ་ཆོག་པ་མེད་པར་སེམས། 


རྒྱ་བལ་བུ་མོའི་རྒྱན་ཆ། སྤྱིར་ན་རྒྱ་གར་དང་བལ་པོ་གཉིས་ནི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས། རྒྱན་ཆ་ལུགས། སྐད་རིགས་སོགས་ཕྱོགས་གང་ཐད་ནས་འབྲེལ་བ་ཧ་ཅང་ཆེ་སྟབས་འདིར་མཉམ་གཅིག་ཏུ་ངོ་སྤྲོད་བྱས་ན་འགྲིག་པར་སྙམ།




སོག་པོའི་རྒྱན་གོས་ནི་རྣམ་གྲངས་མང་ལ་བཟོ་ལྟ་རྒྱ་བོད་གཉིས་ཀྱི་རྒྱན་གོས་དང་འདྲ་ཧ་ཅང་འདྲ། དྲང་མོར་བཤད་བོད་ཀྱི་རྒྱན་གོས་མང་པོ་ཞིག་སོག་པོ་ནས་དར་འོངས་བ་ལོ་རྒྱུས་ནང་གསལ་ཡོད་ལ། དངོས་སུ་བདེན་དཔང་བྱེད་ཐུབ་པའི་རིགས་ཧ་ཅང་མང་བ་སྟེ་དཔེར་ན་ཚེ་རིང་ཞྭ་མོ་ལྟ་བུའོ། །


ཨ་ཧྥི་རི་ཁའི་རྒྱན་ཆ། སྤྲིར་ན་ཨ་ཧྥི་རི་ཁ་གླིང་ཆེན་ལ་རྒྱལ་ཁབ་མང་ལ། དེ་བཞིན་ཡུལ་ཆོས་ཀྱང་ཧ་ཅང་བས་འདི་དང་དེ་ཙམ་ཞེས་ཁ་མཚམས་གཅོད་པར་མི་ནུས་མོད། སྤྱི་ཡོངས་ཁོང་ཚོའི་ཆ་ལུགས་དང་གོམས་སྲོལ་འདི་ལྟ་བུ་ཡིན།



Princess Sikhanyiso Dlamini (C), the first born daughter of Swaziland's King Mswati III, dances during the annual reed dance at the royal residence of Ludzidzini at Lobamba village near Mbabane, Swaziland.
འདི་ནི་ཨ་ཧྥི་རི་ཁའི་གླིང་གི་<སུ་ཝ རྫར་ལན་ཌི་>ཡི་ལོ་འཁོར་དུས་ཆེན་ཆེ་ཁག་གཅིག་གི་བྱེད་སྒོའི་རྣམ་པ་རྣམ་པ་ཡིན་ལ་མིང་ལ་<འདམ་རྩྭ་ཞབས་བྲོ་>ཟེར། སྐབས་དེར་ཕྱོགས་སོ་སོ་ནས་བུད་མེད་གཉེན་སྒྲིག་མ་བྱས་པའི་སྨན་ཤར་རིགས་མཉམ་དུ་འདུས་ཏེ་དུས་ཆེད་འདི་གཏོང་སྲོལ་ཡོད་པ་དེའི་སྐབས་ཀྱི་རྒྱན་གོས་ཀྱི་རྣམ་པ་ཡིན།


Native-American dancers pose for photographs at the 2010 Taos Pow Wow. The annual summer event at Taos Pueblo in New Mexico is one of the country's largest gathering of Indian Nations and features Native-American dancing and drumming contests
འདི་ནི་ཨ་རིའི་ཡུལ་མི་ <ཏོའ་ཨོས-ཕུའ་བྷུ་ལོ་> ཞེས་སུ་པན་བས་བཏགས་ཤིང་དོན་ལ་གྲོང་ཚོ་ཞེས་པར་གོ་ཆོག འདི་ནི་ཁོང་ཚོའི་རིགས་ཀྱིས་དུས་ཆེན་གཏོང་སྲོལ་གྱི་རྣམ་པ་ཞིག་སྟེ། རྒྱན་ཆ་ཕལ་མོ་ཆེ་བྱ་སྒྲོ་ལས་བཟོས་འདུག་ལ་ཞིབ་ཏུ་བསམ་ན་གནའ་མི་རྣམས་ཁྲ་གླག་སྤྱང་གསུམ་ལ་དགའ་བ་གཅིག་མཐུན་ཡོང་དོན་གང་ཡིན་ནམ། ང་ཚོ་བོད་པས་ཀྱང་གླིང་གི་དཔའ་རྟུལ་གཙོ་གྲས་ལ་ཁྲ་གླག་སྤྱང་གསུམ་དུ་འབོད། ཁྱད་པར་དུ་སོག་པོས་སྤྱང་ཀི་ནི་ལྷ་སྲུང་དུ་བཀུར་བ་འདྲ་སྟེ་དཔའ་བོ་<ཏ་མོ་ཇི་>འམ་<ཇིང་གི་སི་ཁང་>གི་ལོ་རྒྱུས་ལ་བལྟས་པས་ཀྱང་ཤེས་ནུས་སོ། །



འདི་དག་ནི་བཤད་མ་དགོས་པར་སྒང་པ་བོད་ཀྱི་མེ་ཏོག་ཅེས་འབོད་པའི་སྨན་ཆུང་དག་གི་ཆ་ལུགས་དང་རྣམ་པ་ཡིན་ལ། འདིའི་ཆ་ལུགས་དང་གོམ་སྲོག་སོགས་ངས་འདི་ནས་དགོས་པར་མི་སེམས་སོ། །



4. མཛེས་ཆོས་ཀྱི་ལྟ་བ་ནི་སྐྱེ་བོ་སོ་སོའི་རིག་གནས་ཀྱི་ཁོར་ཡུག་དང་ཡུལ་སྲོལ་བག་ཆགས། དེ་བཞིན་ཁམས་དབང་དང་དགའ་ཕྱོགས་ཀྱི་ཁྱད་པར་ལས་རིགས་མི་འདྲ་བ་སྣ་ཚོགས་པ་ཞིག་འོང་གིན་ཡོད་པ་སྟེ། དཔེར་ན་པར་རིས་འདི་ལག་ལས་དང་པོ་ནི་ཨི་རྗིབ་གནའ་མི་དག་གི་རུས་པ་བལྟས་ན་སོ་ལ་ཕྲ་བརྒྱབ་ནས་མཛེས་བཟོ་བྱས་མྱོང་བ་མཐོང་ཐུབ། དེ་བཞིན་དུས་རབས་ 19 ཡན་མན་དུ་མང་པོ་ཞིག་གསེར་སོ་བསྐོན་རྒྱུར་ཧ་ཅང་དགའ་ཞིང་བོད་པ་ནི་ད་རུང་དེ་ལས་ཀྱང་ཤིན་ཏུ་དགའ། འོན་ཏེ་སོ་ལ་གསེར་བསྐོན་ཡུན་རིང་ན་རྗེས་མར་སོ་རུལ་ཞིང་བེད་མེད་དུ་འགྱུར་བ་དང་སྡུག་ན་སོ་ལ་སྐྲན་ནད་སོགས་བསྐྱེད་སྲིད་པས་གཟབ་ན་ལེགས་པར་བསམ། 

པར་ཐ་མ་དེའི་ནང་གི་བུད་མེད་དེ་ནི་<ཨིན་ཌོ་ནི་སི་ཡའི་> (Indonesia) བུད་མེད་ཡིན་ཞིང་སོ་གཅན་གཟན་གྱི་མཆེ་བ་ལྟར་རྩེ་མོ་རྣོ་བ་བཟོས་ནས་མཛེས་མར་བརྩི་བའི་ལུགས་སོ། །འདི་ཡང་དང་དུ་ལེན་པར་འོས་པའི་ཆ་ལུགས་གཅིག་ནི་མ་ལགས་ཏེ་སོ་བཅག་ན་རྗེས་མ་སོ་མྱུར་དུ་བུད་འགྲོ་བའི་ཉེན་ཁ་ཆེ་ལ་ཟབ་བཟའ་བར་སྟབས་མི་བདེ་བས་སོ། །


5. སྐེ་བཟོ་མཐོ་བའི་བུད་མེད་འདི་ནི་འབར་མའམ་མ་ཡན་མའི་ (Burma) རྒྱལ་ཁབ་དང་ཐ་ལན་ཌའི་(Thailand) རྒྱལ་ཁབ་གཉིས་ཀྱི་ས་མཚམས་རི་རྒྱུད་ཁ་ཁུག་ལ་འཚོ་བའི་འབར་མ་བོད་རིགས་འདྲེས་མ་དག་གི་བུད་མེད་ཡིན། ཁོང་ཚོའི་སྲོལ་རྒྱུན་དུ་བུད་མེད་ཚོ་སྐེ་ཇི་ཙམ་རིང་ན་དེ་ཙམ་མཛེས་མར་བརྩི་བས། བུ་མོ་རྣམས་ཆུང་ཆུང་སྐབས་ནས་བཟུང་སྐེ་ལ་ཨ་ལོང་རིན་པར་བསྐོན་ནས་སྐེ་རིང་དུ་གཏོང། མཐར་ངང་པ་དང་ཁྲུང་ཁྲུང་འདྲ་བའི་བུ་མོ་འདིའི་རིགས་སྐྱེད་སྲིང་བྱེད་ཀྱིན་ཡོད། 


6. པར་རིས་འདི་གཉིས་ཀྱི་སྣང་བརྙན་ལ་གཟིགས་དང་། འདི་དག་ནི་གནའ་བོའི་ཨ་ཞང་ཚང་གི་“རྒྱ་མོ་བྱིའུའི་རྐང་མ་”ཞེས་གྲགས་པ་དང་དེའི་རིགས་ཀྱི་རྐང་པ་དག་ཡིན་ཞིང་། ཁོང་ཚོ་ཆུང་ཆུང་སྐབས་ནས་རྐང་པ་རས་སོགས་ཀྱིས་བསྡམས་ནས་ཆེ་མ་བཅུག་པར་རྐང་པ་འདི་ལྟ་བུ་ཞིག་བཟོས་ཏེ་མཛེས་མར་བརྩི། ང་ནི་རྐང་འདི་མཐོང་བ་དང་སྐྱུག་མེར་ལངས་ཏེ་ལྟ་མི་འདོད་པ་ཞིག་རེད། 


7. འདི་ནི་ཨིན་ཌོ་ནི་སི་ཡའི་མཚོ་གླིང་པ་པུ་ཨུའེ་ (Indonesia's Papua) ཞེས་པའི་ཡུལ་སྲོལ་དུ་བུ་ཚོས་རང་གི་རྒྱབ་ཆུ་སྲིན་གྱི་ལྤགས་པ་ལྟར་འབྲུམ་བུར་བཟོ་ནས་ངོམ་ན་རྫིག་པོར་བརྩི་བའི་ལུགས་ཡིན། ད་རུང་རྫིག་པོ་ཙམ་མིན་པར་ཆོ་ག་ཆོས་སྤྱོད་དང་འབྲེལ་བ་ཞིག་ཀྱང་ཡིན

2 comments:

  1. ཉི་མ་རིམ་མཐུད་ཀྱིས་རྩོམ་ཡིག་ལེགས་པོ་མང་པོ་སྤེལ་འདུག །རྩོམ་རྣམས་ཀློག་སྤྲོ་བ་ཤ་ཅིག་འདུག་མུ་མཐུད་འགོད་སྤེལ་ཡོང་བ་ཞུ། www.sonamdawa.com ནས།

    ReplyDelete
    Replies
    1. བཀའ་དྲིན་ཆེ་གྲོགས་པོ་ལགས།

      Delete

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག

ཆོས་གྲོགས་ལ་ཕུལ་བའི་སེམས་གཏམ།

བདག་གིས་ངོ་ལོ་བཅོ་ལྔའི་གོང་ཙམ་ལ་བྲིས་པའི་སྙན་རྩོམ་ཞིག་ཉེ་ཆར་ལོ་ཤས་སྔོན་དུ། རྒྱ་གར་ལྷོ་ཕྱོགས་མཻ་སུར་སྔ་འགྱུར་རྙིང་མའི་ཆོས་སྡེ་ཆེན་པོ་རྣམ...