“ཨོ་རྒྱན་རིགས་འཛིན་ལགས་སུ། །
སྙན་འཇེབས་ཚིག་གི་སྡེབ་སྦྱོར་དེ་མཐོང་དུས། །
ཞྭ་དམར་ཅོད་པཎ་ཁྱེད་ཉིད་ལ་མཛེས་འདུག །
དྭངས་གཙང་ཁོར་ཡུག་ཧི་མ་ལའི་ལྗོངས་སུ། །
ངས།
སྙན་འགྱུར་ཚིག་གི་སྡེབ་སྦྱོར་དག་མི་ཤེས། །
ངན་བཤད་སྒྲོགས་པའི་སྨྲ་ལྕེ་འདི་རྣོ་གི །
ཞྭ་དམར་ཅོད་པཎ་མཛེས་མིན་ལ་མི་ལྟ། །
སྐྲ་དཀར་སྦ་སའི་མགོ་ཁེབ་ཅིག་ཉན་གི །
གངས་ཅན་རི་བོར་བསམ་གཏན་ལ་བཞུགས་པའི། །
མགྲིན་པ་སྔོན་པོས་གཟི་བྱིན་གྱིས་ཡིན་ནམ། །
ལྐུགས་པའི་ངག་ནས་སྙན་ཚིག་དག་བརྡོལ་གི །
སྙན་འཇེབས་ཚིག་གི་སྡེབ་སྦྱོར་དེ་མཐོང་དུས། །
ཞྭ་དམར་ཅོད་པཎ་ཁྱེད་ཉིད་ལ་མཛེས་འདུག །
དྭངས་གཙང་ཁོར་ཡུག་ཧི་མ་ལའི་ལྗོངས་སུ། །
ཉམས་འགྱུར་བཞོ་སའི་བ་མོ་ཞིག་མེད་དམ། །
བཟློག་མེད་ཚིག་གི་མཚོན་ཆ་དེ་འཕྱར་དུས། །
ཉེས་མེད་ང་ཡང་འདར་སིག་ཞིག་ཤོར་སོང་། །
རྦ་རླབས་གཡོ་བའི་ཉེ་འགྲམ་གྱི་ཆུ་དེ། །
ཁྲོ་ཆུ་ངར་མའི་ཞུན་ཁུ་ཞིག་མིན་ནམ། །
བཟློག་མེད་ཚིག་གི་མཚོན་ཆ་དེ་འཕྱར་དུས། །
ཉེས་མེད་ང་ཡང་འདར་སིག་ཞིག་ཤོར་སོང་། །
རྦ་རླབས་གཡོ་བའི་ཉེ་འགྲམ་གྱི་ཆུ་དེ། །
ཁྲོ་ཆུ་ངར་མའི་ཞུན་ཁུ་ཞིག་མིན་ནམ། །
རིགས་ཞེན་ལ་རྒྱའི་སྙིང་གཏམ་དེ་ཐོས་དུས། །
བཟོད་མེད་ཁོང་ཁྲོའི་མེ་ལྕེ་ཞིག་མཆེད་བྱུང་། །
རང་ཡུལ་དོར་ནས་གཞན་ཡུལ་དུ་འགྲིམ་དགོས། །
རང་ཡུལ་དོར་ནས་གཞན་ཡུལ་དུ་འགྲིམ་དགོས། །
སྔོན་ལས་ཡིན་ཟེར་མགོ་བསྐོར་ཞིག་ཐེབས་འདུག །”
བསོད་ནམས་དབང་ཆེན་ནས།
བསོད་ནམས་དབང་ཆེན་ནས།
ངས།
སྙན་འགྱུར་ཚིག་གི་སྡེབ་སྦྱོར་དག་མི་ཤེས། །
ངན་བཤད་སྒྲོགས་པའི་སྨྲ་ལྕེ་འདི་རྣོ་གི །
ཞྭ་དམར་ཅོད་པཎ་མཛེས་མིན་ལ་མི་ལྟ། །
སྐྲ་དཀར་སྦ་སའི་མགོ་ཁེབ་ཅིག་ཉན་གི །
གངས་ཅན་རི་བོར་བསམ་གཏན་ལ་བཞུགས་པའི། །
མགྲིན་པ་སྔོན་པོས་གཟི་བྱིན་གྱིས་ཡིན་ནམ། །
ལྐུགས་པའི་ངག་ནས་སྙན་ཚིག་དག་བརྡོལ་གི །
བཟློག་མེད་རིགས་པའི་འཕྲུལ་འཁོར་ཞིག་མེད་རུང་། །
བདེན་གཏམ་བརྗོད་པའི་རང་གཤིས་ཤིག་གྲུབ་འདུག །
བདེན་གཏམ་བརྗོད་པའི་རང་གཤིས་ཤིག་གྲུབ་འདུག །
རྦ་རླབས་འཕྱོ་བའི་དང་བསིལ་གྱི་གངས་ཆུ། །
ཤེས་རིགས་སྦར་བའི་བདུད་རྩི་ཞིག་ཡིན་ནམ། །
ཤེས་རིགས་སྦར་བའི་བདུད་རྩི་ཞིག་ཡིན་ནམ། །
རིགས་ཞེན་ལ་རྒྱའི་གཟུངས་སྔགས་དག་གསོག་པ། །
བཙན་བྱོལ་བོད་པའི་གོམས་སྲོལ་ཞིག་མིན་ནམ། །
བཙན་བྱོལ་བོད་པའི་གོམས་སྲོལ་ཞིག་མིན་ནམ། །
རང་ས་ཤོར་ཏེ་བྲོལ་བྱོལ་དུ་སླེབས་རུང་། །
རང་སེམས་གསོ་བའི་ལྦུ་ཆང་དང་འདྲ་བའི། །
ལས་འབྲས་བཤད་ལས་བཟང་བ་ཞིག་མི་འདུག །
རང་སེམས་གསོ་བའི་ལྦུ་ཆང་དང་འདྲ་བའི། །
ལས་འབྲས་བཤད་ལས་བཟང་བ་ཞིག་མི་འདུག །
No comments:
Post a Comment
གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག