2011/05/11

ཡིད་ཆེས།

ཡིད་ཆེས་ནི་ལྷ་ཆོས་ཀྱི་ལྡེའུ་མིག་རེད།
ཡིད་ཆེས་ནི་མི་ཆོས་ཀྱི་ཞིང་ས་རེད།
ཡིད་ཆེས་ནི་བརྩེ་དུང་གི་སྲོག་ཤིང་རེད།
ཡིད་ཆེས་ནི་མཐུན་སྒྲིལ་གྱི་མདུད་པ་རེད།
ཡིད་ཆེས་ནི་རྨོང་དད་ཀྱི་ཞིང་ས་རེད།
ཡིད་ཆེས་ནི་གཡོ་བྱུས་ཀྱི་ཁ་ཟས་རེད།

ཡིད་ཆེས་རྟོག་ཞིབ་ཀྱི་སྲོག་གཅོད་རེད།