2019/04/01

ཀིར་ཏི་པུར།


ཀིར་ཏི་པུར་འམ་གྲགས་པའི་གྲོང་ (कीर्तिपुर / Kirtipur) ནི་བལ་ཡུལ་གྱི་གནའ་བོའི་གྲོང་ཁྱེར་ཞིག་ཡིན་ཞིང་། རྒྱལ་ས་ཀ་ཐ་མན་ཌུའི་ལྷོ་ནུབ་མཚམས་སུ་རི་དེའུ་ཞིག་གི་ངོགས་སུ་ཆགས་ཡོད་པ་དང་། གནས་འདི་ནི་རྒྱལ་སའི་ཉེ་འཁོར་གྱི་རི་གྲོང་ལྔ་ཞེས་གྲགས་པའི་ནང་གི་གཅིག་ཡིན་ལ་ཧིན་དྷུ་དང་ནང་པ་གཉིས་ཀའི་གནས་གྲགས་ཅན་དུ་བརྩི། རི་གྲོང་གཞན་བཞི་ནི་ཀ་ཐ་མན་ཌུ་ (Kathmandu) དང་། ལ་ལིཏ་པུར་ (Lalitpur) བྷཀ་ཏ་པུར། (Bhaktapur) མ་དྷྱ་པུར་ཐི་མི། (Madhyapur Thimi) བཅས་ཡིན། 

སྤྱི་ལོ་ 2008 ནས་བཟུང་གནས་འདི་འཛམ་གླིང་རྒྱལ་སྤྱིའི་ཤེས་ཡོན་དང་ཚན་རིག་རིག་གཞུང་རྩ་འཛུགས་ (UNESCO) ཀྱི་ཚོད་ལྟའི་འཆར་གཞིའི་ཐོ་གཞུང་དུ་ཚུད་ཡོད་པར་བཤད།[1]
གནའ་གྲོང་འདི་ནི་སྤྱི་ལོ་ 1099 ལོ་ནས་བཟུང་དུས་རབས་བཅོ་བརྒྱད་པར་གོར་ཁའི་རྒྱལ་པོ་པྲི་ཐྭི་ན་ར་ཡན་ཤྷ་ (Prithvi Narayan Shah) གྱི་བཙན་འཛུལ་[3]མ་བྱས་པའི་བར་ལ་ལིཏ་པུར་གྱི་མངའ་ཁོངས་ཡིན་འདུག་ཀྱང་། སྤྱི་ལོ་1767 ནང་གོང་གསལ་གོར་རྒྱལ་པྲི་ཐྭི་ན་ར་ཡན་གྱིས་དམག་འཁྲུག་ཐེངས་གསུམ་བརྒྱབ་ཏེ་ཐ་མའི་སྐབས་གཡོ་ཐབས་ཀྱི་སྒོ་ནས་ཀིར་ཏི་པུར་གྱི་གྲོང་ཁྱེར་ནང་འཛུལ་ཏེ་གོར་ཁའི་མངའ་ཁོངས་སུ་དབང་བསྒྱུར་བྱས་པ་ཙམ་ཟད། སྐབས་དེར་གྲོང་འདིར་ཡོད་པའི་ལོ་བཅུ་གསུམ་ཡན་གྱི་སྐྱེ་བོ་ཕོ་མོ་ཡོངས་ཀྱི་སྣ་བཅད་པར་གྲགས།[4][5]

གནས་འདིར་བལ་པོ་ནེ་ཝར་མི་རིགས་ཀྱི་ལྟེ་གནས་ཡིན་པས་ནང་པའི་གསང་སྔགས་ཀྱི་རྒྱུད་སྡེའི་ལྷ་སྔགས་ཀྱི་རྣམ་པ་དང་། ཧིན་དྷུའི་སྔགས་རྒྱུད་དང་འདྲ་མ་འདྲེས་སྣ་ཚོགས་ཤིག་ཡོད་ངེས་འདུག་པས་དཔྱད་ཞིབ་བྱ་བའི་རྣམ་དཔྱོད་དང་དུས་ཚོད་ཀྱིས་འདང་ན་ངོ་མཚར་བའི་གསང་བ་མང་པོ་ཞིག་བསྔོག་རྒྱུ་ཡོད་པར་སྙམ།

ཡི་དམ་སྟག་ཁྲོས་པའི་གཟུགས་ཅན་ཀྱི་ལྷ་ཁང་།
Bagh Bhairab temple

ཆི་ལན་ཆོ་མཆོད་རྟེན། Chilancho Stupa





ད་ལན་སྤྱི་ལོ་ 2019 ཟླ་བ་ 03 ཚེས་12 ཉིན་"བལ་ཡུལ་ཞེ་ཆེན་དགོན་དུ་ཞིབ་འཇུག་ཟབ་སྦྱོང་རིམ་པ་དྲུག་པའི་"བར་སེང་དང་སྟབས་བསྟུན་ཏེ། རྒན་ལགས་རྣམ་པ་གཉིས་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་ངེད་ཅག་སློབ་མ་རྣམ་ལ་སྦག་གཡོས་ནས་མ་སྤྲད་པ་ཙམ་མིན་པར་སོ་ནམ་བྱེད་སྟངས་ཀྱི་དམར་ཁྲིད་གནང་བ་དང་། ཞོར་དུ་བག་ཡང་དང་གཅིག་ལྕོགས་ཀྱིས་གནས་འདིར་བསླེབས་པར་ཧ་ཅང་དགའ་པོ་བྱུང་།

སྒྲོལ་མའི་སྐུ།
མཉམ་འཛོམས་སྐུ་པར།


ང་དང་རྡོ་སྐུ།
Professor D.Wangckuk & Dr. Orna Almogi
བལ་པོའི་སྲོལ་རྒྱུན་གྱི་གསོ་ཚིགས།








རྩོམ་འདི་གཙོ་ཆེར་ཝི་ཀེ་རིག་མཛོད་ལ་བཏུགས། https://en.wikipedia.org/wiki/Kirtipur

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག