2024/04/05

འབར་མ་དམག་གཞུང་གི་རྒྱལ་ས་དེར་མིས་བཟོས་འཕུར་མདས་གཏོར་རྒོལ་བྱས་པ།

By Jonathan Head & BBC Burmese,in Bangkok

འབར་མའི་ཕྱོགས་འགལ་བས་ཇུན་ཏ་དམག་གཞུང་གི་རྒྱལ་ས་ནས་པྱི་ཏྭ་(Nay Pyi Taw) ལ་མི་མེད་གནམ་གྲུ་གཏོར་རྒོལ་ཚབ་ཆེན་མཐོང་དཀོན་པ་ཞིག་བྱས་ཡོད་བཤད།

བྲོལ་བྱོལ་གྱི་གནས་བབ་ལ་ཡོད་པའི་མཉམ་འབྲེལ་གཞུང་གིས་བཤད་ན། མཚོན་ཆ་ཁུར་བའི་མི་མེད་གནམ་གྲུ་ཉེར་དགུ་གོ་སྒྲིག་བྱས་ཏེ་གནམ་གྲུ་བབ་ཐང་དང་། དམག་གི་རྟེན་གཞི་གཙོ་ཁག་དམིགས་འབེན་བྱས་ཡོད། ཇུན་ཏ་དམག་གཞུང་གིས་ཟེར་ན་ཁོ་ཚོས་གནམ་གྲུ་དེ་དག་ལས་བདུན་གཏོར་བའི་ཁྲོད་ནས་གཅིག་འབར་བཞིན་བྲོས་སོང་བར་བཤད། མ་ཟད་ཁོང་ཚོས་བཤད་ན་མི་ལ་གོད་ཆག་མ་བྱུང་བར་བཤད། 
དེ་སྔ་མཉམ་འབྲེལ་སྲིད་གཞུང་གི་ཨུང་སན་སུའུ་ཁུའུ་ཨེན་གྱིས་འགོ་ཁྲིད་པའི་མི་མང་བདམས་ཐོན་སྲིད་གཞུང་དེ་མཚོན་གྱི་ཡོད། སྲིད་གཞུང་དེ་ནི་ཕྱི་ལོ ༢༠༢༡ ལོར་མགོ་རྟིང་སློག་དགོས་བྱུང་བ་ཞིག་རེད། ས་ཁྱོན་ཆེན་པོ་ཞིག་ཏུ་སྟངས་འཛིན་གྱི་ནུས་པ་ཤོར་བ་ནས་བཟུང་ཕྱོགས་འགལ་ཚོགས་པས་ཇུན་ཏ་དམག་ལ་འཐབ་རྒོལ་བྱས་ཡོད། རྒྱལ་ཁབ་འདིའི་ལོ་གསུམ་རིང་གི་ནང་འཁྲུག་ཐེངས་གཉིས་པ་དེའི་ནང་མི་སྟོང་ཕྲག་མང་པོ་རྐྱེན་ལམ་དུ་བཏང་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཤད་པ་ལྟར་ན། མི་གྲངས་ས་ཡ ༢༦ ཙམ་གནས་སྤོ་བྱས་ཡོད། 
གཟའ་ཕུར་བུའི་ཞོགས་པར་རྒྱལ་སའི་འཇབ་རྒོལ་དེས་རྩ་འཛུགས་ལ་བློ་ཁོག་ཆེན་པོས་བཙན་འཛུལ་བྱེད་པར་འགོག་རྒོལ་བྱེད་པ་མཚོན་ཡོད་པས། ཁོ་ཚོས་དམག་གཞུང་ལ་ངོ་རྒོལ་སྔར་ལས་ནུས་ལྡན་བྱེད་བཞིན་ཡོད།
ནས་པྱི་ཏྭ་ནི་དམག་གཞུང་གི་དབང་ཆའི་ལྟེ་གནས་ཡིན་པ་དང་། དམག་གཞུང་གིས་སྲིད་དབང་བཟུང་རྗེས་ཡང་གོན་གྱི་ཚབ་ཏུ་འདི་ལ་རྒྱལ་ས་བྱས་པ་རེད། སྲུང་སྐྱོབ་ཤུགས་ཆེན་བྱེད་བཞིན་པའི་ཡུལ་འདི་ལ་མཚོན་ན། རྒྱལ་ཁབ་ཀྱི་ས་ཁུལ་གཞན་དུ་བྱུང་བའི་དམག་འཁྲུག་མང་པོ་ཞིག་ལས་གཡོལ་ཐུབ་ཡོད། གྲོང་ཁྱེར་དུ་དམག་དོན་ལྷན་ཚོགས་ཀྱིས་ལོ་འཁོར་གྱི་དམག་དཔུང་ཉིན་མོར་ལྕགས་ཁྲབ་འཁོར་ལོ་དང་། གོ་མཚོན་སྤྲས་པའི་རླངས་འཁོར། དེ་བཞིན་དམག་མི་སྟོང་ཕྲག་མང་པོས་མཚན་མོ་ཁྲོམ་སྐོར་བྱས་པ་རེད།
རེས་གཟའ་ཕུར་བུ ༢༠༠༨ ལོའི་ཟླ ༡༢ ཚེས ༢༠ ཉིན་BBC ལ་བཤད་དོན། ཁོ་ཚོས་སྔོན་ཚུད་ནས་འགོག་སྲུང་རུ་ཁག་ཁ་ཤས་དང་མཉམ་དུ་མི་མེད་གནམ་གྲུའི་ཐོག་ནས་ཕར་རྒོལ་བྱེད་རྒྱུའི་འཆར་གཞི་དང་འཐབ་བྱུས་བཟོས་ཡོད་པར་བཤད།
“མི་མེད་གནམ་གྲུས་པར་རྒོལ་བྱེད་རྒྱུ་དང་དུས་མཉམ་དུ་རྒྱལ་ས་ནས་པྱི་ཏྭ་ (Nay Pyi Taw) ལ་ཡོད་པའི་དམག་གི་རྟེན་གཞི་དང་་་་་གནམ་གྲུའི་ལྟེ་གནས་”སོགས་དམིགས་འབེན་བྱ་རྒྱུ་ཡིན་པ་མཉམ་འབྲེལ་ཚོགས་པའི་དྲུང་ཆེ་གཞོན་པ་མག་མག་སྭེ་ (Mg Mg Swe) བཤད། འཕུར་གྲུ་བཞི་གནམ་ཐང་གི་ཐད་གཞན་གསུམ་དེའི་ལྡོག་ཕྱོགས་ཟ་ཡར་ཐི་རི་གྲོང་གསེབ་ཀྱི་ཉེ་འགྲམ་དུ་གཏོར་ཡོད་པར་བཤད་པ་ལས། གཞན་དག་སྐོར་གང་ཡང་བཤད་མེད་ལ། ལོ་འདིའི་ལོ་མགོར་མཉམ་འབྲེལ་སྲིད་གཞུང་གིས་བཤད་པ་ལྟར་ན། ད་ལྟ་རྒྱལ་ཁབ་ཀྱི་ས་ཁྱོན་བརྒྱ་ཆ་དྲུག་ཅུ་ལྷག་ཙམ་འགོག་རྒོལ་དམག་དཔུང་གི་དབང་སྒྱུར་འོག་ཏུ་ཡོད་ཚུལ་སོགས་འཁོད།

2024/03/30

པོ་ལནྜི་སྲིད་བློན་གྱིས་ཡོ་རོབ་ཡུལ་གྲུ་ཁག་ལ་ཉེན་བརྡ་བཏང་བ།

By Paul Kirby,BBC News


པོ་ལན་གྱི་སྲིད་བློན་ཌོ་ནལྜ་ཊུ་སི་ཀི་ (Donald Tusk) ཉེན་བརྡ་བཏང་དོན། ཡུ་རོབ་གླིང་དམག་འཁྲུག་དུས་རབས་སྔོན་མ་ལ་སླེབས་ཟིན་པ་དང་། གལ་སྲིད་ཨུ་རུ་སུས་ཡུག་ཁི་རན་ཕམ་ཉེས་བཏང་བ་ཡིན་ན། ཡུ་རོབ་ཀྱི་མི་སུ་ལའང་བདེ་འཇགས་ཀྱི་ཚོར་སྣང་མི་འབྱུང་མི་ཐུབ་ཅེས་བཤད་ཡོད།
"ངས་མི་སུ་ཞིག་ལ་ཡང་འཇིགས་སྣང་སྐུལ་འདོད་མེད་ཀྱང་། ད་ལྟའི་དམག་འཁྲུག་ནི་ཚོད་དཔག་ཙམ་མ་ཡིན་པར་དངོས་ཡོད་གནས་ཚུལ་ཡིན་ཞིང་། འདི་ལོ་གཉིས་ཀྱི་སྔོན་ནས་འགོ་ཚུགས་པ་རེད།" ཅེས་ཡོ་རོབ་གསར་ཁང་དུ་བཤད།
ཁོང་གི་སྐད་ཆ་འདི་དག་ལས་ར་ཤི་ཡའི་མེ་ཤུགས་འཕུར་མདའི་ཆར་རྒྱུན་དྲག་པོ་ཞིག་གིས་ཡུག་ཁི་རན་ལ་ཕབ་བཞིན་པ་དེ་མཚོན་གྱི་ཡོད། ཉེ་བའི་བདུན་ཕྲག་འགའ་ཤས་ཀྱི་རིང་ལ། ར་ཤི་ཡས་ཡུ་ཁུ་རཱན་ལ་མེ་སྒྱོགས་ཀྱི་དྲག་རྒོལ་ཤུགས་ཆེར་བྱས།
ཡུ་ཁུ་རཱན་མཁའ་དམག་དཔུང་སྡེས་བཤད་ན། ར་ཤི་ཡའི་མིས་བཟོས་འཕུར་མདའ་ ༥༨ དང་མེ་ཤུགས་འཕུར་མདའ་༢༦ གཏོར་ཡོད་ཚུལ་བཤད་ཡོད་ལ། སྲིད་བློན་ཌེ་ནས་ཤུ་མེ་ཧལ་ (Prime Minister Denys Shmyhal) གྱིས་བཤད་ན། ཨུ་རུ་སུའི་དམག་དཔུང་གིས་ཡུ་ཁུ་རཱན་གྱི་ཤར་ནུབ་དབུས་བཅས་ཀྱི་ས་ཁུལ་དྲུག་གི་དམག་དོན་ནུས་ཤུགས་ཀྱི་རྨང་གཞི་ལ་ཉམས་དམས་བཏང་ཡོད་ཚུལ་བཤད་ཡོད།
ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཊུ་སི་ཀིས། "ར་ཤི་ཡའི་སྲིད་འཛིན་ཝི་ལ་ཌི་མིར་པུ་ཏིན་ (Vladimir Putin) གྱིས་ར་ཤི་ཡའི་རྒྱལ་ས་མོ་སི་ཁོའི་ཁི་རོ་ཁེ་སི་གྲོང་ཁྱེར་གྱི་ཚོམས་ཆེན་ལ་འཇབ་རྒོལ་བྱས་པའི་སྐོར་ལ་ཁུངས་སྐྱེལ་གང་ཡང་མེད་ཀྱང་ཡུ་ཁེ་རན་ལ་ཁག་དཀྲི་བྱས་ཟིན་པས། ཡུ་ཁུ་རཱན་མི་སེར་ལ་དྲག་རྒོལ་བྱེད་ཤུགས་ཇེ་ཆེར་འགྲོ་བཞིན་པ་དེ་ལ་རྒྱུ་མཚན་ལྡན་པར་བཤད། དེ་བཞིན་ཁོང་གིས་གཟའ་འཁོར་འདིའི་སྟོད་ལ་ར་ཤི་ཡས་མྱུར་ཚད་ཆེ་བའི་མེ་ཤུགས་འཕུར་མདའ་ཞིག་ཉིན་མ་ཁ་གསལ་ངོ་གསལ་ལ་ཡུ་ཁུ་རཱན་གྱི་གྲོང་ཁྱེར་ཀྱིབ་ (Kyiv) ལ་བཙན་རྒོལ་བྱས་ཡོད་པར་བཤད།
ཁོང་གིས་ལོ་སྔོན་མའི་ལོ་མཇུག་ཏུ་ཕོ་ལན་གྱི་སྲིད་བློན་ལས་ཁུར་བསྐྱར་བཞེས་གནང་རྗེས་ཕྱི་རྒྱལ་གྱི་གསར་འགོད་པར་བཀའ་འདྲི་ཞུས་པའི་གོ་སྐབས་དེ་བེད་སྤྱད་དེ། ཡུ་རོབ་ཀྱི་འགོ་ཁྲིད་ཚོར་ཐད་ཀར་ཉེན་སྲུང་གི་སྟོབས་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད།
ཟླ་བ་བཅུ་གཅིག་པའི་ཨ་རིའི་སྲིད་འཛིན་འོས་བསྡུ་གཉིས་པའི་སྐབས་ཇོ་བྷའི་ཌན་དང་ཌོ་ནལ་ཏྲུམ་གཉིས་རྒྱལ་ཁ་སུ་ལ་འཐོབ་མིན་མ་ལྟོས་པར། གལ་ཏེ་འཐོབ་མཁན་དེས་ཨ་རིའི་དམག་དོན་ཐོག་རང་རྐང་ཚུགས་པ་བཟོ་ཐུབ་ན། ཡོ་རོབ་ནི་ཨ་མཐུན་ཕྱོགས་སུ་འགྱུར་རྒྱུ་ཡིན་པའི་པར་བཤད།
དེ་ནི་ཡོ་རོབ་པས་ཨ་རིའི་ས་ནས་དམག་དོན་གྱི་རང་སྐྱོང་འཐོབ་རྒྱུ་དང་ན་ཊོ་ (NATO) སྒྲིག་འཛུགས་དང་འདྲ་བའི་སྒྲིག་འཛུགས་གཞན་ཞིག་འཛུགས་རྒྱུའི་ཆེད་དུ་མིན། ད་ལྟའི་ཆར་་ཕོ་ལན་ཌིས་དཔལ་འབྱོར་ཐོན་སྐྱེད་ཀྱི་བརྒྱ་ཆ་བཞི་ཙམ་རྒྱལ་སྲུང་གི་ཆེད་དུ་གཏོང་གི་ཡོད་པ་དང་། ཡུ་རོབ་རྒྱལ་ཁབ་གཞན་ཚང་མས་ཀྱང་ཡོ་རོབ་མནའ་འབྲེལ་མཐུན་ཚོགས་དང་མཉམ་དུ་རང་གི་བདེ་འཇགས་ཆེད་དུ་རྒྱལ་ཡོངས་ཐོན་སྐྱེད་ཀྱི་བརྒྱ་ཆ་གཉིས་བཏང་སྟེ། འཐབ་འཛིང་བྱེད་པའི་སེམས་ཀྱི་གྲ་སྒྲིག་ཡོད་པ་བྱ་དགོས་ཞེས་བཤད།
སྲིད་འཛིན་པུ་ཊིན་གྱིས་གཟའ་འཁོར་འདིར་ནེ་ཋོ་རྒྱལ་ཁབ་ཁག་གི་ཕྱོགས་སུ་འཁོན་སེམས་ཀྱི་ཀུན་སློང་མེད་ཅེས་བཤད་ཀྱང་། ར་ཤི་ཡས་ཡུ་ཁུ་རཱན་ལ་དམག་འཁྲུག་བརྒྱབ་ནས་བཟུང་། གྲང་དམག་སྐབས་ནས་བཟུང་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་འབྲེལ་བ་ཆེས་དམའ་ཤོས་སུ་གྱུར་ཡོད་ཚུལ་བཤད་ཡོད།

2024/03/18

མཚན་མོ་གནམ་ཐོག་ནས་དྲག་རྒོལ་ཐེངས་གཉིས་པ།

ཏ་ལི་བྷན་གྱིས་ཕ་ཁི་སི་ཐན་ལ་ཨཧྥ་གྷ་ནི་སི་ཐན་ནང་མཚན་མོ་གནམ་ཐོག་ནས་དྲག་རྒོལ་ཐེངས་གཉིས་བྱས་པའི་ཁྲོད་བུད་མེད་དང་བྱིས་པ་བརྒྱད་བསད་པའི་ཉེས་འཛུགས་བྱས་ཡོད།
ཏ་ལི་བྷན་གཞུང་གི་མགྲིན་ཚབ་པ་ཟ་བི་ཧུལླཧ་ (Zabihullah Mujahid) ཡིས། མཚན་མོའི་ཆུ་ཚོད་གསུམ་པར་པ་ཀི་སྠན་གྱི་ས་མཚམས་སུ་གནམ་ཐོག་ནས་དྲག་རྒོལ་བྱས་བྱུང་ཞེས་བཤད། པ་ཀི་སྠན་གྱིས་ད་དུང་དེའི་སྐོར་ལ་འགྲེལ་བཤད་གང་ཡང་བྱས་མེད། ཡིན་ནའང་། དེ་ནི་སྲིད་འཛིན་ཨ་སི་ཧྥི་ཨ་ལི་ཛར་དར་ (Asif Ali Zardari) གྱིས་གཟའ་སྤེན་པའི་ཉིན་སུ་ཡིན་མི་ཤེས་པའི་དྲག་སྤྱོད་པས་དམག་མི་བདུན་བསད་པའི་དོན་རྐྱེན་ལ་དྲག་ལན་སློག་རྒྱུའི་དམ་བཅའ་བཞག་པའི་རྗེས་ལ་བྱུང་བ་དང་། སྐབས་དེའི་གཟའ་ཉི་མའི་ཉིན་དམག་མི་གཉིས་ཀྱི་འདས་མཆོད་ཀྱི་མཛད་སྒོའི་སྟེང་། སྲིད་འཛིན་ཛར་ད་རིས་"ཚོགས་པ་དེ་སུ་ཡིན་མིན་དང་རྒྱལ་ཁབ་གང་ནས་ཡིན་མིན་ལ་མ་ལྟོས་པར་འཁོན་ལན་སློག་རྒྱུ་ཡིན་"པའི་སྐོར་གསུངས།
གཟའ་སྤེན་པའི་ཉིན་དམག་སྒར་ཐོག་གི་གཏོར་རྒོལ་དེ་ཨ་ཧྥུ་གྷན་གྱི་ས་མཚམས་ཐག་ཉེ་བའི་ཝ་ཛི་རི་སི་ཐན་ (Waziristan) གྱི་བྱང་ཕྱོགས་སུ་བྱུང་ཡོད། པ་ཀི་སྠན་གྱིས་བཤད་ན་གཏོར་རྒོལ་དེ་ཚོ་ཨ་ཧྥུ་གྷན་ནས་བྱས་པར་བཤད་ཀྱི་ཡོད་ལ། ཉེ་བའི་ཟླ་བ་འགའི་རིང་གཏོར་རྒོལ་ཇེ་མང་དུ་འགྲོ་བཞིན་པའི་གྲས་ཀྱི་གཅིག་ཡིན་པ་ས་གནས་སྲིད་གཞུང་གི་ལས་བྱེད་ཅིག་གིས་མིང་མི་འདོན་པར་ཨ་ཕེ་གསར་འགྱུར་ཁང་ལ་བརྗོད་དོན། གཟའ་ཟླ་བའི་ཞོགས་པ་ཁོསྚི་དང་པཀ་ཏི་ཀ་ (Khost and Paktika) ཁུལ་དུ་དྲག་རྒོལ་བྱས་པ་ནི་གཟའ་སྤེན་པའི་ཉིན་མི་མང་པོ་བསད་པའི་དགྲ་ཤ་ལེན་ཆེད་ཡིན་པར་བཤད།
རྗེས་སུ་ཏཱ་ལི་བྷན་གྱིས་ཁོ་ཚོའི་དམག་དཔུང་གིས་ས་མཚམས་ཀྱི་ཉེ་འགྲམ་དུ་གནས་པའི་པ་ཀིས་ཐན་གྱི་དམག་དཔུང་དམིགས་འབེན་དུ་བཟུང་བ་ཡིན་ཞེས་བསྒྲགས། སྐུ་ཞབས་མུ་ཧ་མད་ (Mr Mujahid) ཀྱིས་པ་ཀི་སྠན་ལ་ཉེན་བརྡ་བཏང་དོན། པ་ཀི་སྠན་རང་གི་མངའ་ཁོངས་ནང་དབང་སྒྱུར་བྱེད་མ་ཐུབ་པ་དང་དཀའ་ངལ་འཕྲད་པ་རྣམས་ལ་ཨབ་གྷན་ལ་ཁག་དཀྲི་མི་ཉན་ཞེས་བཤད། X (formerly Twitter).
ཁོང་གིས་མུ་མཐུད་ནས་བརྗོད་དོན། གནས་ཚུལ་དེ་འདྲ་བྱུང་བ་ཡིན་ན། ཕ་ཁི་སི་ཐན་གྱིས་ཚོད་འཛིན་མི་ཐུབ་པའི་མཇུག་འབྲས་ངན་པ་ཡོང་སྲིད་པར་བཤད།
གནམ་ཐོག་ནས་དྲག་རྒོལ་དེ་དམངས་ཁྱིམ་ལ་དམིགས་ནས་བྱུང་བ་དང་། བུད་མེད་ལྔ་དང་བྱིས་པ་གསུམ་བསད་པ་རེད་ཅེས་གསུངས།
༢༠༢༡ ལོར་ཏ་ལི་བྷན་གྱིས་རྒྱལ་ཁབ་ལ་དབང་སྒྱུར་བསྐྱར་གསོ་བྱས་པན་ནས་གཉིས་བཟུང་། ཨབ་གྷན་ནི་སྠན་དང་པ་ཀི་སྠན་གཉིས་ཀྱི་དབར་དུ་ཛ་དྲག་གི་གནས་སྟངས་ཇེ་ཆེར་སོང་ཡོད།