2024/07/03

འུར་འདྲོག་རྡོག་བརྫིས།

རྒྱ་གར་བྱང་ཕྱོགས་མངའ་སྡེའི་ཧཐ་རས་ (Hathras) རྫོང་དུ་ཆོས་ཀྱི་འདུ་ཚོགས་ཤིག་ལ་མི་མང་གིས་རྡོག་བརྫིས་བཏང་སྟེ་མི་གྲངས་ ༡༢༡ བསད་པ་ཡོད་པ་དང་མི་མང་ཤོས་བུད་མེད་ཡིན་པ་རེད། དེ་ཡང་སྐུ་ཞབས་ས་ཏྱེ་དྲ་ཡ་དབ་ལ་“ས་ཙང་”“སྟེ་རོགས་པ་གྱིས་དང་”ཞེས་ཁོས་ཆུང་མས་ཁ་པར་ནས་བོས་རྗེས། དེ་མ་ཐག་ཁོ་རང་རླངས་འཁོར་ཕྱོགས་སུ་རྒྱུགས། སྐབས་དེར་ཁོ་ཚོའི་ལོ་གསུམ་ཅན་གྱི་བུ་ཆོ་ཊ་སྐར་མ་ཁ་ཤས་སྔོན་ལ་བྱུང་བའི་མི་མང་འུར་འདྲོག་ཁྲོད་རྡོག་བརྫིས་ཐེབས་ནས་གྲོངས་ཟིན་ཡོད་པ་རེད།
དེ་ཡང་། རྒྱལ་ས་ལྡི་ལི་ནས་ཡོང་བའི་ལོ་ ༢༩ ཅན་གྱི་ཁ་ལོ་བ་དེ་ཁོང་གི་ནང་མི་ཨ་མ་དང་ཨ་ཅག་གཉིས་བཅས་མཉམ་དུ་འདིར་འབྱོར་ཡོད། ལས་རིམ་མཇུག་མ་བསྒྲིལ་གོང་དུ་ཡ་ཌབ་ཀྱིས་ཁོང་གི་ཨ་མ་དང་བུ་རྒན་པ་མ་ཡན་ཀ་(༤)དང་མཉམ་དུ་རང་གི་འཁོར་གསུམ་རླངས་འཁོར་གྱི་ཕྱོགས་སུ་བསྐྱོད། ང་ཚོ་རླངས་འཁོར་འགྲམ་དུ་འབྱོར་སྐབས་ངའི་བཟའ་ཟླས་ཁ་པར་ནས། “པི་ལུ་ཨ་ཐཱ་ནེ་ཨཱ་ཇཱཱ་འོ། ཆོ་ཊ་༼ཆུང་ཆུང་༽ཁ་ཏམ་ཧོ་ག་ཡཱ་ཧེ།” ཞེས་པ་སྟེ། “ཉེན་རྟོག་ཁང་ལ་ཤོག་དང་། ཆོ་ཊ་མེད་པ་བྱས་སོང་།” ཞེས་བཤད་བྱུང་ཞེས་ཡ་དབ་ཀྱིས་བཤད།
ཡ་ཌབ་ཀྱི་བུ་རོ་ཝིན་ད་སྐབས་ལོ་གསུམ་ལོན་ཡོད་ཅིང་ནང་མི་ཚོས་ཁོ་ལ་གཅེས་མིང་དུ་“ཆོ་ཊ་”ཞེས་འབོད་ཀྱི་ཡོད། ད་ལན་ཁོང་ནི་གཟའ་མིག་དམར་ཉིན་གྱི་དོན་རྐྱེན་ཁྲོད་ཤི་བའི་མི་གྲངས་ ༡༢༡ གི་གྲས་སུ་ཚུད་ཡོད་པ་རེད་ལ། དེ་དང་འདྲ་བར་ཡིད་སྐྱོ་བའི་དོན་རྐྱེན་དེའི་ཁྲོད་ཕྲུ་གུ་ཤོར་བའི་ཁྱིམ་ཚང་དུ་མ་ཡོད་པ་རེད། ཞེས་སོགས་འཁོད།