2025/12/12

ལོ་སོ་དྲུག་རིང་སྐྱེས་པར་བརྫུས་ཏེ་འཚོ་ལ་བསྐྱལ་བའི་ཏ་མིལ་གྱི་བུད་མེད་ཅིག་གིས་ཉེ་ཆར་དེ་རོགས་རམ་འཚོལ་བ།

ལོ་སོ་དྲུག་རིང་སྐྱེས་པར་བརྫུས་ཏེ་འཚོ་ལ་བསྐྱལ་བའི་ཏ་མིལ་(TN)གྱི་བུད་མེད་ཅིག་གིས་ཉེ་ཆར་དེ་རོགས་རམ་འཚོལ་བ།བུ་མོ་ཤན་མུ་ག་སུན་ད་རི་ (Shanmugasundari) ད་ལྟ་གཉེན་སྒྲིག་བྱས་ཟིན་ནའང་། ཨ་མ་པེཏྕི་ཅི་ཨམ་མལ་(Petchiammal) གྱིས་ཁོ་མོའི་ཆས་གོས་བརྗེ་སྒྱུར་བྱེད་པར་གྲ་སྒྲིག་མེད་པར་བཤད།

གནས་ཚུལ་གྱི་སྙིང་དོན།

རྒྱ་གར་ཏ་མིལ་ན་དུའི་གྲོང་རྡལ་ཐཽ་ཐུ་ཀུ་དི་ (Thoothukudi) ནས་ཡིན་པའི་བུད་མེད་པེཏ་ཅི་ཨམྨལ་ (S. Petchiammal) གྱིས་བུད་མེད་ལོ་ན་ 57 ཅན་ཞིག་གིས་ལོ་ 36 རིང་རང་ཉིད་ཀྱི་བུ་མོ་གསོ་སྐྱོང་བདེ་ལེགས་ཡོང་ཆེད་སྐྱེས་པའི་རྣམ་པར་བརྫུས་ནས་འཚོ་བ་བསྐྱལ་ཡོད་པ་རེད། དེ་ཡང་ཁོ་མོས་"ཕོ་དབང་རིང་ལུགས་ཀྱི་སྤྱི་ཚོགས་ནང་ཁོ་མོའི་བུ་མོ་གཅིག་པུ་དེ་ཉེན་མེད་ངང་གསོ་སྐྱོང་བྱེད་པའི་ཆེད་དུ་ཡིན་"ཞེས་བཤད། ཁོ་མོ་ནི་ཐཽ་ཐུ་ཀུ་དི་ནི་གྲོང་རྡལ་ནི་སྤྱི་ལེ་ 30 ལྷག་ཙམ་གྱི་སར་ཡོད་པའི་ཀཏྟུ་ན་ཡ་ཀན་པཏྟི་ (Kattunayakanpatti) གྲོང་ཚོ་ནས་ཡིན་འདུག་ལ། སྐབས་དེར་ཁོ་མོའི་ཁྱོ་ག་གློ་བུར་དུ་འདས་རྗེས་ཁོ་མོ'མུ་ཐུ་ (Muthu) སུ་ཞེས་པའི་སྐྱེས་པ་ཞིག་གི་ངོ་བོར་འགྱུར་དགོས་བྱུང་བ་རེད།

པེཏ་ཅི་ཨམྨལ་གྱིས་དྲན་གསོ་བྱེད་བཞིན་"ངས་གཉེན་སྒྲིག་བྱས་ནས་ཉིན་ 15 ལས་མ་འགོར་བར་ངའི་ཁྱོ་ག་སི་ཝ་འདས་གྲོང་དུ་སོང་ལ་སྐབས་དེར་ང་ལོ་ 20 ཡིན། མི་འགྱངས་བར་ང་ལ་བུ་མོ་ཤན་མུ་ག་སུན་དྷ་རི་ (Shanmugasundari) བཙས། ངས་གཉེན་བསྐྱར་སྒྲིག་མི་བྱེད་པར་ཐག་བཅད། འོན་ཀྱང་ང་གཙིག་པུས་ཕྲུ་གུ་གསོ་སྐྱོང་བྱེད་རྒྱུ་དེ་ཧ་ཅང་དཀའ་བ་སྟེ། སྐབས་དེར་ངས་འཛུགས་སྐྲུན་ས་ཚིགས་དང་། མགྲོན་ཁང་། ཇ་ཁང་བཅས་སུ་ལས་ཀ་བྱས་པ་ཡིན། འོན་ཀྱང་། ས་ཆ་དེ་ཚོ་ཚང་མ་ནས་ང་ལ་ཆགས་སྲེད་དང་འབྲེལ་བའི་བརྙས་བཅོས་རབས་དང་རིམ་པར་བྱུང་།" ཞེས་བཤད།

སྐྱེས་པའི་རྣམ་པར་བརྫུས་པའི་གནས་ཚུལ།

ཁོ་མོར་ཆགས་སྲེད་ཀྱི་བརྙས་བཅོས་དང་དཀའ་ངལ་དུ་མ་རིམ་པར་ཕྲད་རྐྱེན། པེཏ་ཆི་ཡམ་མལ་གྱིས་ཏི་རུ་ཆེན་དུར་མུ་རུ་གན་ལྷ་ཁང་ (Tiruchendur Murugan Temple) དུ་ཕྱིན་ནས་བུད་མེད་ཀྱི་གྱོན་ཆས་དག་སྟོད་ཐུང་དང་ལུང་གི་ (shirts & Lungi) རུ་བརྗེས་ཤིང་མིང་"ཡང་མུ་ཐུ་"ཞེས་སྐྱེས་པའི་མིང་ཞིག་ཏུ་བསྒྱུར། ཡང་ཁོ་མོས། "ལོ་ 20 ལྷག་གི་སྔོན་ལ་ང་ཚོ་ས་གནས་ཀཏྟུ་ན་ཡཀྐན་པ་ཏྟི་ (Kattunayakkanpatti) ལ་གནས་སྤོས་ནས་གཞིས་བཟུང་། ངའི་ནང་མི་ཉེ་འབྲེལ་ཚོ་དང་ངའི་བུ་མོ་གཉིས་ཀྱིས་མ་གཏོགས་ང་བུད་མེད་ཡིན་པ་མི་གཞན་སུས་ཀྱང་ཤེས་"ཟེར། 

ད་ལྟ་བུ་མོ་ཤན་མུ་ག་སུན་ད་རི་གཉེན་སྒྲིག་བྱས་ཟིན་ནའང་། ཨ་མ་པེཏ་ཅི་ཨམ་མལ་གྱིས་ཁོ་མོའི་ཕོ་ཡི་གྱོན་ཆས་དེ་བརྗེ་སྒྱུར་བྱེད་པར་གྲ་སྒྲིག་མེད་པ་དང་། དེའི་རྒྱུ་མཚན་བཤད་དོན། "ཆ་ལུགས་འདིས་ངའི་བུ་མོར་ཉེན་མེད་ཀྱི་འཚོ་བ་ཞིག་འགན་ལེན་བྱས་སོང་། ང་མ་ཤི་བར་དུ་མུ་ཐུ་ཞེས་པའི་མིང་ཐོག་རང་དུ་གནས་རྒྱུ་ཡིན།" ཞེས་བཤད། ཁོ་མོའི་ཨ་དྷཱར་བྱང་བུ་ (Aadhaar card) དང་། ཟ་འབྲུའི་བྱང་བུ་ (ration card) ། འོས་ཤོག་བྱང་བུ་ (voter ID) བཅས་ཀྱི་ནང་ཁོ་མོ་སྐྱེས་པ་ཡིན་པར་བཀོད་ཡོད།

རོགས་རམ་འཚོལ་བ།

ད་ཆ་དཀའ་ཚེགས་ཆེ་བའི་ལས་ཀ་བྱེད་མི་ཐུབ་པར་བརྟེན། པེཏ་ཅི་ཨམ་མལ་གྱིས་ལོ་གཅིག་གི་སྔོན་ལ་བུད་མེད་ཀྱི་ངོ་བོའི་ཐོག་ (on a female identity) ལ་ཨེམ་ཇི་ཨེན་ཨར་ཨི་ཇི་ཨེསེ་ (MGNREGS) ལས་ཀའི་བྱང་བུ་ཞིག་བླངས་པ་རེད། མོས་བཤད་དོན། "ང་རང་ཉིད་ལ་དབང་བའི་ཁང་པ་མེད་ལ་གསོག་དངུལ་ཀྱང་མེད། ཡུག་སའི་ལག་ཁྱེར་ཡང་ཞུ་ཐབས་མེད་རྐྱེན། ངས་གཞུང་ལ་ང་ལ་དངུལ་དངོས་ཀྱི་རོགས་སྐྱོར་གནང་རོགས་ཞུ་རྒྱུ་ཡིན།" ཞེས་བཤད། ས་གནས་སྒྲིག་འཛིན་པ་ཌོག་ཊར་ཀེ་སེན་ཐིལ་རཱཇ་ (Dr K Senthil Raj) ལགས་ཀྱིས་པེཏ་ཅི་ཨམ་མལ་ལ་སྤྱི་ཚོགས་བདེ་དོན་གྱི་ལས་འཆར་གང་ཡང་རུང་ཞིག་གི་འོག་ནས་རོགས་སྐྱོར་ཐུབ་མིན་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་བཤད་ཡོད།