2016/07/23

སྡུག་གྱོང་གྱིས།

པ་ཀི་སྠན་ཡུལ་ནས་མེར་བསྲེགས་པའི་བུ་མོ།
མི་རི་ཡ་་ས་ད་ཁ་ཊ་(Maria Sadaqat)
ཀྱེ་མ་ཀྱེ་ཧུད་འཇིག་རྟེན་འདི་ན། །
ཆོས་ལུགས་འདི་ཚོ་ཅི་ཞིག་ཡིན་ན། །
ཆོས་ལུགས་འདི་ཚོས་ཅི་ཞིག་སྒྲུབ་ཀི །
ཆོས་ལུཌ་བསྒྲུབས་ནས་ཅི་ཞིག་འགྲུབ་ཐལ། །

རླབས་ཆེན་ཁ་ཆེའི་ཆོས་དཔོན་ཞིག་གིས། །
རང་གི་བུ་ཆུང་དམར་མཆོད་ཕུལ་མྱོང་། །
མཐོང་རྒྱུ་མེད་པའི་དཀོན་ཅོག་དེ་ལ། །
རྒྱགས་རྒྱུ་ངོམ་རྒྱུ་གཏན་ནས་མེད་ཟིག །

བུ་མོ་གོ་མས་འགྲོགས་བཟང་བཙལ་སར། །
དཀོན་ཅོག་བཙན་པོས་སྲོག་ཆད་གཅོད་ཀི །
མི་རིང་ན་ནིང་ཨབ་གྷན་ཡུལ་ནས། །
རྡོབ་རུབ་བརྒྱབ་ནས་བསད་པ་ཨེ་མཐོང་། །

ད་ཞག་པ་ཀི་སྠན་ཡུལ་ནས། །
ཆུན་མ་འགྲོ་བར་མ་འདོད་ཙམ་གྱིས། །

ཉམས་ཆུང་བུ་མོ་གཞོན་ནུ་མ་ཞིག །
མེ་ལ་བསྲེཌ་ཏེ་སྲོག་ཁྲིམས་བཅད་འདུག །


དབང་ཕྱུག་ལ་སོགས་མཉེས་པའི་ཆེད་དུ། །
ཧིན་དྷུ་བླ་མས་གསང་བའི་ཐོག་ནས། །
བྱིས་པ་བརྐུས་ཏེ་དམར་མཆོད་ཕུལ་བ། །
རྒྱ་གར་ནང་དུ་ལན་གཅིག་མ་རེད། །

དཀོན་ཅོག་ཨམ་དེ་མཉེས་པར་གྱུར་ན། །
སྡིག་པ་ཡོད་ཀྱང་སྐྱོན་ཆ་མེད་ཚུལ། །
ཆོས་ཀྱིས་མྱོས་པའི་རྒྱ་གར་དབུ་ཁྲིད། །
མོ་དྷི་རྒན་པོས་གླེང་རབས་ཡོད་ཐལ། །

གསལ་ཤིང་སྒང་ལ་ཁྲིམས་ཆད་ཕོག་པའི། །
མགོ་སེར་མི་རྒན་ཤི་རོ་ཞིག་ལ། །
དད་པ་ཅན་གྱིས་མཐོང་སྟངས་ཤིག་ལ། །
བླ་ན་མེད་པའི་སྐྱེས་བུ་ཡིན་ཟིག །

འཇིག་རྟེན་ཡོད་ཚད་ཁྲམ་ཤིང་འོག་ལ། །
སྒུར་དུ་འཇུག་རྒྱུའི་ཧམ་སེམས་འདི་ནི། །
ཤི་མིག་ཅན་གྱི་ཆོས་དཔོན་འདི་ཚོས། །
བསྐལ་པ་སྟོངས་ཀྱང་བློ་གཏོང་མི་བྱེད། །

ཆོས་ལུགས་དཀར་དམར་རྭ་འཛིང་ཤོར་ནས། །
གངས་ཅན་བོད་ཀྱི་ཡར་འབྲོག་སྒང་དུ། །
མི་བསད་རྣ་བ་སྒྱེ་མོའི་ཁ་གྲངས། །
དཔའ་རྟཌ་ཚུལ་དུ་ནོམ་ལ་བླངས་རབས། །

སེར་པོ་འདུག་བཟོད་མེད་པ་བཟོས་རྐྱེན། །
སེར་པོས་ཧོར་ལ་མགོ་འདོཌ་བྱས་ནས། །
དཀར་པོ་དམར་པོ་མེ་ལ་བསྲེགས་ཏེ། །
ཐབས་ཅད་སེར་པོ་སེར་རྐྱང་བཟོས་ཤག །

རང་གིས་བཙོས་པའི་ན་ནིང་ལོ་ཆང་། །
ད་ལོ་དྲི་མ་ཕ་ལེར་ལངས་ན། །
རང་གིས་མི་འཐུང་སུ་ཡིས་འཐུང་དགོས། །
འོང་རྒྱུ་མཐའ་རྒྱུ་དེ་ལས་ཅི་ཡོད། །

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག