2011/02/11

ཨ་མ་དྲན་པ།

Image result for mother art

དབུས་སུ་གནས་སྐོར་ལ་འགྲོ་བའི། །
རྫུན་ཞྭ་ཨ་མ་གཡོགས་དུས། །
ལག་པར་འདར་སིག་ཙམ་མེད་ན། །
སྲ་མོ་ལྕགས་སྐམ་ཞིག་ཨེ་ཡིན། །

རྡོག་ཁྲེས་རྡོག་པོ་ཞིག་ཁུར་དུས། །
ཨ་མའི་ཐོན་སྐྱེལ་གྱི་རྫོངས་བ། །
འགྲམ་པར་དུངས་སེམས་ཀྱི་འོ་དེའི། །
དྲོད་ཁུལ་ད་དུང་ཡང་མ་ཡལ། །

སྤྲིན་པའི་ལོ་འདབས་ཀྱི་ཁྲོད་ནས། །
ཁ་བ་མེ་ཏོག་ཏུ་བསྙིལ་བ། །
ཨ་མའི་ཚར་ཞྭ་རུ་གྱུར་པའི། །
སྣང་བརྙན་ད་དུང་ཡང་མ་ཡལ། །

བུ་ལ་སེམས་གསོ་ཞིག་འདོད་དེ། །
བཙན་གྱིས་འཛུམ་དཀར་ཞིག་བྱིན་ཡང་། །
གྱེས་གདུང་འགོག་མེད་ཀྱི་འཆི་མ། །
རྒས་གཉེར་རི་མོ་ནས་བཞུར་སོང་། །

4 comments:

  1. ད་ལྟ་འདི་ཚོད་ལྷ་ཡིན།
    བཟོ་ཤེས་རྒྱུ་དཀའ་འདུག་

    ReplyDelete
  2. ཨོ་ཙམ་ཡག་པོ་འདུག་ཡིན་ཡང་མགོ་བརྗོད་ཀྱི་ཡིག་གེ་དེ་ཡག་པོ་མི་འདུག

    ReplyDelete
  3. རེད་ད་ལྟ་ངས་དེ་ཡག་པོ་ཁྱོན་ནས་བཟོ་ཤེས་མ་སོང།

    ReplyDelete

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག

ཆོས་གྲོགས་ལ་ཕུལ་བའི་སེམས་གཏམ།

བདག་གིས་ངོ་ལོ་བཅོ་ལྔའི་གོང་ཙམ་ལ་བྲིས་པའི་སྙན་རྩོམ་ཞིག་ཉེ་ཆར་ལོ་ཤས་སྔོན་དུ། རྒྱ་གར་ལྷོ་ཕྱོགས་མཻ་སུར་སྔ་འགྱུར་རྙིང་མའི་ཆོས་སྡེ་ཆེན་པོ་རྣམ...