སྤྱི་ལོ་ 201.09.11 ཉིན་འཇིགས་སྐུལ་དྲག་སྤྱོད་པའི་གཙོ་གཏེ་ཨོ་ས་མ་བྷིན་ལ་དྷན་ (Osam Bin laden) གིས་བཀོད་ཁྱབ་འོག་ཨ་རིའི་རྒྱལ་ཁབ་ལ་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་ཤིན་ཏུ་ཚབས་ཆེ་ཞིང་ཡ་ང་བའི་གཏོར་སྐྱོན་བཏང་ནས་མི་ལོ་ཧྲིལ་པོ་བཅུ་འཁོར་བའི་མྱ་ངན་རྗེས་དྲན་གྱི་མཛད་སྒོ་ཁ་སང་ཟླ་ 9 ཚེས་ 11 ཉིན་ལ་འཚོགས་ཡོད།
སྐབས་དེར་བྷི་བྷིུ་གསི་ (BBC) གསར་ལམ་དུ་བཀོད་པའི་འདས་ཟིན་པའི་ཕྱིར་དྲན་ཅུང་ཟད་བྱས་ན།
གནམ་གྲུ་བཙན་ཁྲིད་པས་བྱ་ངན་མགོ་འཛུགས་སྐབས། |
I. གནམ་གྲུ་བཙན་ཁྲིད་པས་ཐོག་མར་ལས་གཞི་བསྒྲུབ་ཆེད་རུ་ཁག་གཅིག་སྟེ་རྒྱལ་སྤྱི་ཕོར་ཊ་ལན་ཌི་ (Portland) གནམ་ཐང་གི་རྟོག་ཞིབ་འགག་སྒོ་རུ། མདུན་དུ་སྐྱོད་ཀྱིན་པའི་འཇིགས་སྐུལ་པ་ཨབ་རྡུལ་ལ་ཛི་རྫ་ཨོ་མ་རི་ (Abdulaziz Al-Omari) དང་། རྒྱབ་ཕྱོགས་ཀྱི་སྐྲ་སུ་ལུ་ཅན་དེ་མ་ཧ་མོ་ཌི་ཨ་ཊ་ (Mohammed Atta) དང་། དེ་བཞིན་རོགས་པ་གཞན་ཞིག་བཅས་མི་གསུམ་གྱིས་བྷོ་སུ་ཊོན་ (Boston) རྟོགས་ཞིབ་འགག་སྒོ་བརྟོལ་ཏེ་ཨ་རི་མཁའ་གྲུ་ཨང་ 11 པ་བཙན་ཁྲིད་ཀྱི་ལས་གཞི་དངོས་སུ་རྩོམ་བཞིན་པ། སྐབས་དེའི་དུས་ཚོད་འདྲ་པར་ནང་དུ་གསལ་ཡོད།
II. ཨ་རིའི་ 77 པའི་ཉེན་སྲུང་ཆུ་ཚོད་7 དང་སྐར་མ་ 18 ཐོག རུ་ཁག་གཉིས་པ་དེ་རྒྱལ་ས་ཝ་ཤིང་ཊོན་གྱི་ཉེ་འཁོར་གྲོང་བརྡལ་ཌུལ་ལ་སེའི་ (Dulles) གནམ་ཐང་ནས་སྐྱོད་ཀྱིན་པ། སྐབས་དེར་འཇིགས་སྐུལ་པས་ཨ་རིའི་མཁའ་འགྲུལ་ 77 པའི་རྟོག་ཞིབ་འགག་སྒོ་ལས་བརྒལ་ཏེ་ལོ་སུ་ཨིང་རྗེལ་ (Los Angels) ཕྱོགས་སུ་བརྟོལ་བར་བརྩམས། བརྙན་ཕབ་ནང་དུ་ཐེབས་པའི་འཇིགས་སྐུལ་པ་དག་ནི་ཁ་ལིད་ཨོ་མི་རྡར་ (Khalid Al-Midhar) དང་ན་ཝཧྥ་ཨལ་ཧཛ་མི་ (Nawaf Al-Hazmi) གཉིས་ཡིན་ཞིང་ཁོ་པ་གཉིས་གནས་ཚུལ་མ་བྱུང་བའི་ཉིན་ཤས་སྔོན་ནས་ལྟ་སྲུང་བྱ་ཡུལ་གྱི་མིང་ཐོར་འཁོད་ཡོད་ཀྱང་གནམ་ཐང་ཉེན་སྲུང་བས་ཤེས་རྟོགས་བྱུང་མེད།
III. མཁའ་གྲུ་ 11 པ་བཙན་ཁྲིད།
Mace |
ཆུ་ཚོད་ 8 དང་སྐར་མ་ 14 ཐོག གོང་འཁོད་ཀྱི་འཇིགས་སྐུལ་པ་ལྔ་པོ་ལས་ཁག་གཅིག་གིས་ཉུང་མཐར་འགྲུལ་པ་གཉིས་ལ་ལྕགས་དབྱུག་ (Mace) བཙུགས་ཤིང་འཇིགས་སྐུལ་བྱེད་རིང་། གཞན་པ་ཞིག་གིས་གནས་གྲུའི་ཁ་ལོ་དབང་དུ་སྒྱུར་ཐབས་བྱས། སྐབས་དེའི་དོན་རྐྱེན་བྱུང་ནས་སྐར་མ་བཅོ་ལྔའི་རྗེས་སུ་གནམ་གྲུར་ཞུགས་ཡོད་པའི་སྐྱེས་མ་བྷེན་ཊས་ཨོང་ (Betty Ong) གིས་ཁ་པར་བརྒྱུད་དེ་ཨ་རིའི་མཁའ་འགྲུལ་ཚན་པར་བརྗོད་གསལ་དུ་"ཁ་ལོ་བའི་ལས་ཁང་ནས་བརྡ་ལན་ཆད་སོང་། ལས་བྱ་ཁང་དུ་མི་ཁག་གཅིག་ལ་མཚོན་ཆ་བཙུགས་སོང་། ངས་བསམ་པར་ལྕགས་དབྱུག་ཡིན་བཟོ་འདུག"ཅེས་བཤད་ཡོད།
VI. དམག་མིའི་བརྡ་ཁྱབ།
དོན་རྐྱེན་བྱུང་རྗེས་རྒྱུད་ལམ་ཁག་ལས་དམག་དཔུང་སྡེ་ཁག་ལ་གནས་ཚུལ་འབྱོར་དོན་ལྟར་ན་འཇིགས་སྐུལ་བ་ཚོས་འགྲུལ་བཞུད་པར་བཤད་དོན"གལ་ཏེ་ཁྱེད་ཅག་འགུལ་བསྐྱོད་བྱ་བར་རྩོམ་ན་ཁྱེད་ཅག་དང་གནམ་གྲུ་གཉིས་ཆ་ཉེན་ཁའི་གནས་སུ་ལྷུང་འགྲོ དེ་ལས་ཁུ་སིམ་མེར་སྡོད"ཅེས་འཇིགས་སྐུལ་བྱས་ཡོད།
V. གནམ་གྲུ 175 པ་བཙན་ཁྲིད།
ཆུ་ཚོད་ 8 དང་སྐར་མ་ 46 ཐོག གནམ་གྲུའི་ཁ་ལོ་བ་དག་དམར་གསོད་བཏང་སྟེ་རྫས་སྒྱོགས་དང་ལྕགས་དབྱུག་ (Mace) གིས་འགྲུལ་པ་ཡོངས་ལ་འཇིགས་སྐུལ་བྱེད་ཀྱིན་གནམ་གྲུ་གཉིས་པ་དེ་བཙན་ཁྲིད་བྱས། ཆུ་ཚོད་ 8 དང་སྐར་མ་ 53 ཐོག་གྲོང་ཁྱེར་ནེའུ་ཡོག་ཏུ་འཕུར་མགོ་བརྩམས། སྐབས་དེར་གནམ་གྲུའི་ནང་གི་འགྲུལ་བཞུད་པ་ཞིག་གིས་རང་གི་པ་ཕར་ཁ་པར་བཏང་དོན"གནམ་གྲུ་འདི་ཁ་ལོ་བས་གཏོང་གི་ཡོད་བཟོ་མི་འདུག ངས་བསམ་པར་ཁོང་ཚོས་གནམ་གྲུ་ཆི་ཁ་སྒོ་ (Chicago) འམ་ས་གནས་གཞན་ཞིག་ཏུ་ཁྲིད་འགྲོ་བ་འདྲ། ཡང་ན་ཁང་བརྩེགས་སྟེང་དུ་བརྡུང་གྲབས་ཡོད་ན། ཕ་ལགས། སེམས་ཁྲལ་མ་གནང་། གལ་ཏེ་རྐྱེན་ངན་འབྱུང་གི་ཡོད་ན་མགྱོགས་པོ་ཡོང་ངེས་རེད་ཤག"ཅེས་བཤད་ཡོད།
VI. བྱང་གི་ལྕོག་མཁར་བསྙིལ་བ།
ཆུ་ཚོད་ 8:46:40 ཐོག་མགྱོགས་ཚད་ 440mph ཐོག་སྐྱོད་ཀྱིན་པའི་ཨ་རིའི་ 11 ཞེས་པའི་གནམ་གྲུ་དེ་འཛམ་གླིང་ཚོང་དོན་ལྟེ་གནས་བྱང་གི་ལྕོག་མཁར་ཏེ་ (World Trade Center North Tower) ལ་བརྡུངས་མ་ཐག་པའི་སྣང་ཚུལ། གནམ་གྲུའི་ནང་གི་འགྲུལ་པ་མི་གྲངས་ 92 དང་གནམ་གྲུའི་ལས་མི་དགུ་པོ་རྐྱེན་ལམ་དུ་བཏང་ཡོད་ལ་དེ་དག་ལས་མང་པོ་ཞིག་གཞུང་གི་ལས་བྱེད་པ་ཡིན། ཐོག་གི་འགྲུལ་པ་ 92 དང་འོག་གི་མཁའ་བསྙེགས་ཁང་ཆེན་གྱི་ཐོག་སོ་ 110 ལ་ཡོད་པའི་མི་མང་ཡོངས་རྫོགས་གོད་ཆག་དེའི་ནང་དུ་ཚུད་ཡོད། རྡོ་སྣུམ་གྱིས་གནམ་གྲུ་ཡོངས་སུ་འབར་སྟབས་འཇིགས་སུ་རུང་བའི་མེ་ཡི་གོང་བུ་ཞིག་ཏུ་གྱུར་ཏོ། །
VII. མེ་གསོད་རུ་ཁག
ཆུ་ཚོད་ 8:52 ཐོག་མེ་གསོད་རུ་ཁག་བྱང་གི་ལྕོག་མཁར་གྱི་སྲང་ལམ་དུ་འཛུལ་སྐབས་མེས་ཚིག་སྟེ་རྨས་པའི་མི་མང་པོ་ཞིག་བསྐྱབས་པ་དང་ཕྱོགས་མཚུངས་འགྲེང་དོང་སྐས་འཛེག་ལས་གྱེན་དུ་འཛེགས་ཏེ་མི་མང་སྐྱོབ་མགོ་བཙུགས། ཆུ་ཚོད་ 9:00 པར་མེ་འགོག་ཚན་པའི་འགན་འཛིན་ནས་མེ་འགོག་མི་སྣ་ 235 ཆེད་དུ་མངགས་ཡོད།
VIII. ཨ་རིའི་ཨང་ 77 པའི་གནམ་གྲུ་བཙན་ཁྲིད།
ཆུ་ཚོད་ 8:54 ཐོག་ཨ་རིའི་ 77 པའི་མཁའ་གྲུ་འཇིགས་སྐུལ་བས་བཙན་ཕྲོག་བྱས་ཏེ་སྐར་མ་གཉིས་ཀྱི་རྗེས་སུ་འགྲུལ་པ་ཁག་གཅིག་གིས་སོ་སོའི་མཛའ་གྲོགས་ལ་ཉེན་ཁ་ཆེ་བའི་གནས་ཚུལ་ཁ་པར་ནས་བཤད་དོན། "འཇིགས་སྐུལ་བས་གྲི་སྤྱད་དེ་བཙན་འཕྲོག་བྱེད་གི་འདུག"ཅེས་བཤད་ཡོད།
IX. ལྷོ་ཡི་ལྕོག་མཁར།
ཆུ་ཚོད། 9:03:11 ཐོག་ཨ་རིའི་175 རྟགས་ཅན་གྱི་གནམ་གྲུ་འཛམ་གླིང་ཚོང་དོན་ལྟེ་གནས་བྱང་གི་ལྕོག་མཁར་ལ་བརྡུངས་ཏེ་ཐོག་སོ་ 77 ནས་ 85 བར་རྨེག་མེད་དུ་བཅོམ་པ་ཆབས་གཅིག་འགྲུལ་པ་ 65 དང་ལས་བྱེད་པ་ཡོངས་རྫོགས་སྐད་གཅིག་མ་དེར་རྐྱེན་ལམ་དུ་བཏང་ཡོད། སྐབས་དེར་ཁང་ཐོག་ཏུ་བགྲོད་སའི་དོང་སྐས་ཤིག་ད་རུང་བརྟན་ཡོད་སྟབས་མི་མང་མང་པོ་ཞིག་ཐོག་ཁར་འཛེགས་ནས་ཉེན་སྐྱོབ་ཡོང་རེ་བྱས་ཡོད།
X. སྲིད་འཛིན་ལ་རྐྱེན་ངན་གཉིས་པ་བྱུང་ཚུལ་ཞུ་བཞིན་པ།
ཆུ་ཚོད། 9:05 ཐོག [བརྙན་ཕབ་གཟིགས།] ཕོ་བྲང་དཀར་པོའི་དཔོན་རིགས་ཨན་ཌྲོ་ཁར་ཌིས་ (Andrew Card) བྷུ་ཤུ་ལ་ (Bush) "གནམ་གྲུ་གཉིས་པས་ལྕོག་མཁར་གཉིས་པ་གཏོང་སོང་འདུག ཨ་རི་གཏོར་བཅོམ་གྱི་འོག་ཏུ་ཚུད་འདུག"ཅེས་ཞུས་ཡོད། སྐབས་དེར་སྲིད་འཛིན་བྷུ་ཤུ་ཧྥི་ལོ་རི་ཌའི་ (Florida) ས་གནས་ས་ར་སོ་ཏའི་(Sarasota) ཁུལ་གྱི་སློབ་གྲྭ་ཨམ་མ་བྷོག་ཁར་ (Emma Booker School) གྱི་འཛིན་ཁང་ནང་དུ་སློམ་མས་ཀློག་འདོན་གསན་བཞིན་ཡོད་འདུག
XI. གནམ་གྲུ ཨང་ 93 པ་བཙན་ཁྲིད།
ཆུ་ཚོདྲོ་ 9:28 གནད་ཡོད་མི་སྣས་ཨ་རིའི་གནས་གྲུ་གསུམ་པ་ཞིག་བཙན་ཁྲིད་བྱ་ཉེན་དོག་གཞི་བྱུང་སྟེ་འཕུར་སྐྱོད་བྱེད་ཀྱིན་པའི་ 93 པའི་ཁ་ལོ་བ་སྡོད་ཁང་ལ་ལྟ་སྲུང་དགོས་པའི་ཉེན་བརྡ་འབྱོར་ཡང་ཧ་ཅང་ཕྱི་དྲགས་ཏེ་ནུས་པ་ཐོན་མེད། ཆུ་ཚོད་ཐོག 9:28 འཇིགས་སྐུལ་བས་དངོས་སུ་ལས་འགུལ་བརྩམས་ཟིན་ཏེ་ཁ་ལོ་བ་སྡོད་ཁང་ནས་ཨ་མིཌིས་ (Almid) རྩོལ་ཤུགས་ཆེན་པོས་"ཧེ་་་འདི་ནས་ཕར་རྒྱུགས་ཤིག འདི་ནས་ཕར་རྒྱུགས་ཤིག འདི་ནས་ཕར་རྒྱུགས་ཤིག" ཅེས་པའི་སྐད་རླུང་འཕྲིན་རྒྱུད་ལམ་དུ་ཕབ་ཡོད།
XII ཨ་རིར་གཏོར་བཅོམ་ཐེབས་རྗེས་ཀྱི་བྷུ་ཤུའི་བསྒྲགས་གཏམ་ཐོག་མ།
ཆུ་ཚོད་ 9:30 ཨ་རིར་གཏོར་སྐྱོན་བསྟུད་མར་ཐེབ་རྗེས་ཐེངས་དང་པོའི་བྷུ་ཤུའི་གཏམ་བཤད་མདོར་བསྡུས་ཐོག་དམ་བཅའ་བཞག་དོན། "ང་ཚོས་ཡོད་རྒུ་རྩལ་སྤྲུག་བྱས་ཏེ་བརྟག་དཔྱད་མཐིལ་ཕྱིན་པའི་བྱ་ཐབས་སྤེལ་ཅིང་ཉེས་ཅན་པ་དག་འཚོལ་ཞིབ་བྱ་དགོས། ཨ་རི་འཇིགས་སྐུལ་པའི་ལག་འོག་ཏུ་ནམ་ཡང་འདུག་མི་ཐུབ།" ཅེས་བཤད་ཅིང་ལམ་སང་རྒྱལ་ས་ཝ་ཤིང་ཊོན་ (Washington) ཏུ་ལོག་རྒྱུ་བྱས།
XIII. གསང་ཡིབ་ཁང་།
ཆུ་ཚོད་ 9:37 ཐོག་མཁའ་གྲུ་ 77 པས་རྒྱལ་སའི་ཉེ་འཁྲིས་སུ་བརྡབས་བའི་འཇིགས་རུང་གི་དོན་རྐྱེན་བྱུང་སྟབས་གསང་བའི་ལས་ཁང་དུ་སྲིད་འཛིན་གཞོན་པ་སྐུ་ཞབས་ཌིཀ་ཆེ་ནས་ (Dick Cheney) ནས་སྲིད་འཛིན་མཆོག་མགྱོགས་མྱུར་ངང་རྒྱལ་སར་ཕེབས་དགོས་པའི་དགོས་འདུན་ཞུ་བཞིན་པ།
XIV. ཨ་རིའི་དམག་དོན་ལྟེ་གནས་ཕེན་ཊ་གྷོན་གཏོར་བཅོམ།
ཆུ་ཚོད་ 9:37:46 ཐོག [བརྙན་པར་འདིར་གཟིགས་ཤིག]
མཁའ་གྲུ་ 77 པ་ཕེན་ཋ་གྷོན་ (Pentagon) གྱི་སྟངས་འཛིན་འགག་སྒོ་ལ་བརྡབས་ཏེ་འགྲུལ་པ་ 65 དང་གནམ་གྲུའི་ཞབས་ཞུ་བ། ནང་གི་ཁང་མིག་སོ་སོར་ལས་ཀ་བྱེད་བཞིན་པའི་དམག་མི་དང་མི་སེར་དཀྱུས་མ་ 125 བཅས་རྐྱེན་ལམ་དུ་བཏང་ཡོད། ཕེན་ཋ་གྷོན་ནི་ཝ་ཤིང་ཊོན་གྱི་ཉེ་འཁྲིས་སུ་ཡོད་ཅིང་ཨ་རིའི་རྩ་བའི་དམག་དོན་ལྟེ་གནས་ཆེ་ཤོས་ཏེ། ཟུར་ལྔ་ཅན་གྱི་ཁང་ཆེན་འདི་ཉིད་འཛམ་གླིང་ནང་ཁང་ཆེན་རྒྱ་ཁྱོན་ཆེ་ཤོས་དེ་ཡང་ཡིན་འདུག
IXV. ལྷོ་ཡི་ལྕོག་མཁར་འགྱེལ་བ།
ཆུ་ཚོད་ 9:58:59 [བརྙན་ཐག་གནོན།]
གཏོང་བཅོམ་བྱས་ནས་ཆུ་ཚོད་གཅིག་ཙམ་མ་ཟིན་པའི་སྔོན་དེར་སྐར་ཆ་བཅུ་ཡི་ནང་དུ་ཐོག་སོ་ 110 པོ་ཡོངས་རྫོགས་སྡེབ་གཅིག་ཏུ་ཉིལ་ཏེ་ནང་དུ་ཡོད་པའི་མི་མང་སུ་ཡང་ཐར་མེད། ཁང་ཆེན་ཉེ་འཁོར་ལ་ཡོད་པའི་མི་མང་ 600 ཙམ་རྐྱེན་ལམ་དུ་སོང་ཡོད་པ་དག་མང་ཆེ་བ་ལས་དོན་དང་གདོང་ཐུག་བྱུང་བ་ཡིན་འདུག
XV. མཁའ་གྲུ་ 93 པས་གཏོང་བཅོམ།
ཆུ་ཚོད་10:03:11ཐོག
ཤིང་སྡོང་ཚིག་ཡོད་པའི་ཤུལ་འདི་ནི་གཤན་ཀྶ་ཝ་ཡིལ་ས་གནས་སུ་གནམ་གྲུ་ 93 བརྡབས་ཤུལ་ཡིན་ལ། བཙན་ཁྲིད་པ་ཚོས་གནམ་གྲུའི་ཁ་ལོ་བསྒྱུར་མ་ཐུབ་པར་བརྡབས་སོང་བ་ཡིན་འདུག གནའ་གྲུ་འཕུར་བཞིན་པའི་སྐབས་སུ་འགྲུལ་པ་དང་ཞབས་ཞུ་བ་ཚོས་རང་ཉིད་ཀྱི་མཛའ་གྲོགས་ལ་ཁ་པར་བརྒྱུད་ནེའུ་ཡོག་གི་གཏོར་བཅོམ་སྐོར་བཤད་ཡོད་པས་ཁོང་ཚོས་གནས་ཚུལ་ཤེས་རྟོགས་བྱུང་སྟབས་འུ་ཐུག་སྟེ་ཕར་རྒོལ་བྱས་ཡོད་པ་བཤད་ཐུབ།
XVII. བྱང་གི་ལྕོག་མཁར་ཉིལ་བ།
ཆུ་ཚོད་10:28:25 ཐོག [བརྙན་ཕབ་དྲྭ་ཐག་གཟིགས།]
བྱང་གི་ལྕོག་མཁར་ཡང་ལྷོ་མཁར་དང་འདྲ་བར་མགྱོགས་མྱུར་ངང་ཉིལ་ཏེ་ལྕོག་མཁར་ཉེ་འཁྲིས་ཀྱི་མི་མང་ 1400 སྐོར་རྐྱེན་ལམ་དུ་སོང་ཡོད་པ་དང་དེ་དག་ལས་མི་ཉུང་བ་ཞིག་གདོང་ཐུག་ཤོར་བ་ཡིན། སྐས་དོང་ནང་དུ་མི་གྲངས་བཅུ་དྲུག་ཁོ་ན་ཙམ་སྲོག་ཉེན་ཐར་ཡོད།
XVIII.ཨ་རིའི་མཁའ་འགྲུལ་སྒོ་བརྒྱབ་པ།
ཆུ་ཚོད་ 12:30 ཐོག་ལོ་རྒྱུས་ནང་བྱུང་མྱོང་མེདཔའི་ཨ་རིའི་མཁའ་འགྲུལ་སྒོ་བརྒྱབ་ཏེ་འགྲུལ་པ་ཁྲི་ཕྲག་ཙམ་གནམ་ཐང་ན་བསླངས་ནས་གཞག་དགོས་བྱུང་ཡོད།
IXX. སྲིད་འཛིན་རྒྱལ་སར་ལོག་པ།
ཆུ་ཚོད་ 18:54 ཐོག་སྲིད་འཛིན་བྷུ་ཤི་མཆོག་ཧྥི་ལོ་རི་ཌ་ནས་ཐོན་ཏེ་ཆུ་ཚོད་དགའི་རྗེས་སུ་རྒྱལ་སར་འབྱོར་ཏེ་སྲིད་འཛིན་གཞོན་པ་དང་ཁ་པར་ནས་གླེང་མོལ་བྱེད་ཀྱིན་པ།
XX. བྷུ་ཤུས་བསྒྲགས་གཏམ་སྤེལ་བ།
ཆུ་ཚོད་ 20:30 [བརྙན་ཕབ་གཟིགས་དང་།] ཨ་རིའི་ལོ་རྒྱུས་ནང་གི་ཆེས་མུན་ནག་གི་ཉིན་མོ་དེར་སྲིད་འཛིན་མཆོག་གིས་རྒྱལ་ཁབ་ཁག་ལ་གཏམ་བཤད་སྤེལ་དོན་"མི་གསོད་ཁྲག་སྦྱོར་གྱིས་འཇིགས་སྐུལ་ཟང་ཟིང་བྱས་འཕྲལ་ཕྱིར་འཐེན་བྱ་དགོས་བསམ་ཡང་། ཁོང་ཚོར་ལམ་ལྷོང་དེ་བྱུང་མེད་པ་རེད་"ཅེས་གསུངས་ཡོད།
http://www.bbc.co.uk/news/magazine-14681384
ReplyDelete