ཉེ་ཆར་མི་ལུས་རིན་ཆེན་དཔའ་འབར་དུ་བཏེགས་ཏེ་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་ལེགས་སྐྱེས་འབུལ་མཁན་གྱི་དཔའ་བོ་རྣམ་པ།
དགུ་པ། BBC ལ་གཟིགས།

ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༥ ཉིན་གྱི་བོད་ནང་གི་སྔ་དྲོའི་དུས་ཚོད་ ༡༡།༥༠ ཙམ་ལ་རྔ་པ་རྫོང་ཆོས་རྗེ་ཞང་སོ་རུ་མའི་པདྨ་ཚང་གི་བུ་རྒྱལ་གཅེས་དཔའ་བོ་ནོར་བུ་དགྲ་འདུལ། རང་ལོ་ ༡༩ ཙམ་ཡིན་པ་ཁོང་གིས་རྔ་པའི་ཁྲོམ་གཞུང་དུ་ཐོན་ནས་རང་ལུས་མེར་སྲེག་བཏང་ཞིང་"བོད་ཁ་བ་ཅན་ལ་རང་དབང་རང་བཙན་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་"ཞེས་འབོད་སྐད་སྒྲོག་སྐབས་རྒྱ་མིས་ཉེན་རྟོག་པས་བཟུང་ཡོད་འདུག་ལ་སྐབས་དེར་ཁོང་སྐུ་གཤེགས་མེད།
བདུན་པ། བརྒྱད་པ།
![]() |
མཁའ་དབྱིངས། |
![]() |
ཆོས་འཕེལ། |
༢༠༡༡ སྤྱི་ཟླ་༡༠ ཚེས་༧ ཉིན་ཨ་མདོ་རྔ་བ་ནས་ཡིན་པ་འཇིགས་རིས་ཚང་གི་བུ་རང་ ༡༩ སོན་པ་རྒྱལ་གཅེས་དཔའ་བོ་ཆོས་འཕེལ་དང་། རྒྱལ་གཅེས་དཔའ་བོ་གསང་བོ་སྐལ་བཟང་གི་བུ་རྒྱལ་གཅེས་དཔའ་བོ་མཁའ་དབྱིངས་ཞུ་བ་གཉིས་ནས་རྔ་བ་རྫོང་གི་ཁྲོམ་གཞུང་དུ་ཐོན་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་ལ་མེ་སྤར་རྗེས། ལག་གཉིས་ཐལ་མོ་སྦྱར་ཏེ་༸"༸གོང་ས་མཆོག་གི་མཚན་ནས་འབོད་པ་དང༌། བོད་ལ་རང་དབང་དགོས་"པའི་སྐད་འབོད་གནང་ཡོད་ལ། རྔ་པ་རྫོང་གི་སྨན་ཁང་ནས་འབར་ཁམ་སྨན་ཁང་དུ་བསྐྱལ་ཡང་ཚེས་པ་ ༨ ལ་མཁའ་དབྱིངས་དང་ ༡༡ ལ་ཆོས་འཕེལ་གཉིས་རིམ་པས་གཟི་བརྗིད་ལྡན་པའི་ངང་སྐུ་གཤེགས་པའི་ཡིན་སྐྱོའི་གནས་ཚུལ།
དྲུག་པ།
བཞི་པ། ལྔ་པ།
![]() |
བློ་བཟང་སྐལ་བཟང་། |
![]() |
བློ་བཟང་དཀོན་མཆོག |
༢༠༡༡ ཕྱི་ཟླ་ ༩ ཚེས་ ༢༦ ཉིན་བོད་ནང་གི་ཆུ་ཚོད་ ༡༠ དང་ཕྱེད་ཀ་ཙམ་ལ། རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཇ་རུ་ཚང་གི་ཚེ་རིང་བཀྲ་ཤིས་ཀྱི་བུ་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་ཀྱི་སྤུན་ཆུང་རང་ལོ་ ༡༨ ཡིན་པ་རྔ་པ་ཀིརྟི་དགོན་པའི་གྲྭ་རྒྱལ་གཅེས་དཔའ་བོ་བློ་བཟང་སྐལ་བཟང་ལགས་དང་། ཚེ་རྒྱས་ཚང་གི་རྔ་པ་ཀིརྟི་དགོན་པའི་རང་ལོ་ ༡༨ ཡས་མས་ཡིན་པའི་གྲྭ་རྒྱལ་གཅེས་དཔའ་བོ་བློ་བཟང་དཀོན་མཆོག་གཉིས་ཀྱིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ། "༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་ཆོས་དད་རང་དབང་དགོས་"སོགས་ཀྱི་སྐད་འབོད་གནང་བཞིན་རང་ལུས་མེར་བསྲེགས་བཏང་འདུག ཅུང་ཙམ་རྗེས་རྒྱ་གཞུང་གི་ཉེན་རྟོག་པས་མེ་བསད་ཀྱང་དགེ་འདུན་པ་གཅིག་གྲོངས་ཡོད་པའི་མཐོང་སྣང་བྱུང་ཡོད་འདུག་ལ། གྲྭ་བ་གཞན་དེའི་སྟེང་གི་མེ་བསད་མ་ཐག་ཉེན་རྟོག་པས་ཁྱེར་ཡོད་འདུག་ཀྱང་རྗེས་སོར་གྲྭ་བློ་བཟང་དཀོན་མཆོག་ཉིན་ཤས་སྔོན་འབར་ཁམས་རྔ་པ་ཁུལ་སྨན་ཁང་ཞིག་ཏུ་རྨས་སྐྱོན་ཚབས་ཆེན་ཡིན་ཞིང་། འབྲེལ་ཡོད་ཚོ་ཐུག་འཕྲད་བྱེད་འཇུག་གི་མེད་པ་དང་། ཡང་ཁོང་གི་འཐབ་གྲོགས་གྲྭ་རྒྱལ་གཅེས་དཔའ་བོ་བློ་བཟང་སྐལ་བཟང་ལགས་དེང་སྐབས་སི་ཁྲན་ཁྲིན་ཏུའུ་སྨན་ཁང་ཞིག་ཏུ་ཡོད་ཚུལ་དང་། ཁོང་ཉིན་ཤས་སྔོན་རྔ་པའི་གསར་འགྱུར་ཞེས་པའི་བརྙན་འཕྲིན་དུ་བསྟན་འདུག
གསུམ་པ།
གཉིས་པ། BBC ལ་གཟིགས།

དང་པོ།

No comments:
Post a Comment
གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག