2012/06/09

ཡོ་རོབ་རྐང་སྦོལ་རྩེ་འགྲན་ཆེན་མོ།


ཡོ་རོབ་རྐང་སྦོལ་རྩེ་འགྲན་ཆེན་མོ་ཁ་སང་དངོས་སུ་འགོ་བཙུགས་ཡོད།European cup. ཐེངས་འདིར་ཡོ་རོབ་རྐང་སྦོལ་རྩེ་འགྲན་ཆེན་མོའི་བྱུང་རིམ་མདོར་ཙམ་བཤད་ན། རྩེ་འགྲན་འདི་ནི་ལོ་བཞི་རེའི་ནང་ཐེངས་རེ་རྩེ་བའི་འཛམ་གླིང་ནང་གི་སྙན་གྲགས་ཅན་གྱི་རིམ་བགྲོད་རྩེ་འགྲན་ཞིག་དང་། འཛམ་གླིང་རྐང་སྦོལ་རྩེ་འགྲན་ཆེན་མོ་དང་ཨོ་ལིམ་ཕིག་གཉིས་ཀྱི་མཚམས་ནས་ཨང་གསུམ་པ་དེ་ཡིན་པར་གྲགས། 


༼ཧན་རི་ཌེ་ལཱུ་ནེ་Henri Delaunay

སྤྱི་ལོ་༡༩༢༧ ནང་༼ཧྥ་རནྶ་France༽རྐང་སྦོལ་ལྷན་ཚོགས་ཀྱི་༼ཧན་རི་ཌེ། ལཱུ་ནེ་Henri Delaunay༽ཡིས་ཡོངས་ཁྱབ་ཡོ་རོབ་རྩེ་འགྲན་ཆེན་མོ་གཟུགས་རྒྱུའི་བསམ་བློ་རྙེད་ཀྱང་། ༡༩༥༨ བར་ཁོང་གིས་བསམ་དོན་མངོན་གྱུར་བྱུང་མེད། འོན་ཀྱང་༡༩༥༨ ཟླ་བ་༡༠ ཚེས་༢༨ ཉིན་༼སོ་ཝཱེ་ཀྲེ་མཉམ་འགྲེལ་རུ་ཁག་sovet union༽ནས་ཚུད་ཞུགས་རྩེ་འགྲན་སྐབས་པོ་ལོ་ཐོག་མ་དེ་བླུགས། དེ་ནས་ལོ་གཉིས་ཀྱི་རྗེས་ཏེ་༡༩༦༠ ལོར་ཁྱོན་བསྡོམས་ཡོ་རོབ་རྒྱལ་ཁབ་བཅུ་བདུན་གྱིས་རྒྱལ་ཁབ་སོ་སོའི་རྒྱལ་དར་གྱི་འོག་ནས་ལྷན་ཞུགས་བྱས་ཏེ་༼ཧྥ་རནྶ་༽ནང་དུ་རིམ་བགྲོད་རྩེ་འགྲན་ཆེན་མོ་གསར་དུ་བཙུགས་ཤིང་། རྟིང་མའི་རྒྱལ་ཁ་༼སོ་ཝཱེ་ཀྲེ་མཉམ་འགྲེལ་རུ་ཁག་sovet union༽ལ་ཐོབ་པ་དང་ཆབས་ཅིག་རྒྱུན་མཐུད་རྩེ་འགྲན་དེའི་མིང་ལ་༼ཧན་རི་ཌེ། ལཱུ་ནེའི་Henri Delaunay༽ཞེས་བཏགས།  སྤྱི་ལོ་༡༩༦༨ ལོར་རིམ་བགྲོད་རྩེ་འགྲན་ཆེན་མོའི་མིང་༼ཡོ་རོབ་རྐང་སྦོལ་རྩེ་འགན་ཆེན་མོ་༽ཞེས་མིང་བསྒྱུར་ཏེ་ད་བར་མུ་མཐུད་དེ་རྩེ་བཞིན་པའོ། ། འདིའི་སྔོན་སུ་པན་རྒྱལ་ཁབ་ལ་ཐོབ་ཡོད་ཅིང་ད་ལོའི་རྩེ་འགྲན་༼པོ་ལན་ཌ་དང་།Poland ཡུ་ཀ་རན་Ukrane ༽ལ་རྩེ་བཞིན་པ་རེད། ཞིབ་ཕྲ་འདིར་གཟིགས་ཤིག  གཤམ་གྱི་རེའུ་མིག་ནང་གནས་ཚུལ་རགས་བསྡུས་འཁོད་ཡོད། །

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག