2015/04/19

སྡོམ།

1. Brazilian Wandering Spider བྷི་ར་རྫིལ་གྱི་སྡོམ་འཁྱམས།
སྡོམ་འདི་ནི་འཛམ་གླིང་ནང་གི་དུག་ཤུགས་ཆེས་ཆེ་བའི་འབུ་སྡོམ་ཨང་དང་པོ་དེ་ཡིན་པ་ ༢༠༡༠ ལོར་འཛམ་གླིང་ཟིན་ཐོར་བཀོད་ཡོད་ལ་ནུས་ཤུགས་ཀྱང་ཤིན་ཏུ་ཆེ། མ་ཟད་འདིས་སོ་རྒྱག་པའི་ཉེན་ཁ་ཡང་ཧ་ཅང་ཆེ། འདིས་སོ་བརྒྱབ་པ་ཡིན་ན་ཕྲ་ཕུང་དུག་ལྡན་དག་གིས་དབུགས་གཏོང་རྒྱུར་དཀའ་བར་བཟོས་ཏེ་མཐར་འཆི་ལམ་དུ་འགྲོ་བ་དང་། དམིགས་བསལ་དུ་འདིའི་དུག་གིས་ཕོ་དབང་ནུས་མེད་དུ་འགྲོ་བ་སོགས་གནོད་ཚབས་ཧ་ཅང་ཆེ། སྨན་བཅོས་བྱ་བར་ངེས་པར་དུ་ཁབ་བརྒྱབ་དགོས། འགོག་ཁབ་བརྒྱབ་རྗེས་ཤི་བའི་གནས་ཚུལ་ཡང་འབྱུང་གི་་ཡོད།





2. Six-Eyed Sand Spider མིག་དྲུག་བྱེ་མའི་སྡོམ། སྡོམ་འདི་ནི་འཛམ་གླིང་ནང་གི་ནད་དུག་ཆེ་གྲས་ཀྱི་སྡོམ་ཞིག་ཡིན་ཡང་སྟབས་ལེགས་པ་ཞིག་ལ་འདི་ཉིད་མི་དང་འབྲེལ་བ་ཆུང་བའི་ས་གནས་དཔེར་ན་ཨ་ཧྥི་རི་ཁ་དང་ཨེ་ཤ་ཡའི་བྱེ་ཐང་དག་ན་ཡོད་ཅིང་ནུས་ཤུགས་ཀྱང་དེ་ཙམ་མེད། འདིའི་དུག་འདིས་ཁྱབ་ན་རུས་པ་བཤིགས་པ་དང་རྩ་ལམ་འགག་པ། པགས་པ་བརྡོལ་ཏེ་ཁྲག་འབབ་པའི་ནད་འབྱུང་ཞིང་མཐར་འཆི་བའི་ཉེན་ཁ་ཡང་ཆེ།

3. Sydney Funnel-Web གསེསཌ་ནེས་ཧྥན་ནན་ཝེབ། གསེས་ཌི་ནེས་ཧྥན་ནན་ཝེབ་སྡོམ་ཞེས་པ་འདི་ཡང་དུག་ཆེ་གྲས་ཀྱི་སྡོམ་ཞིག་ཡིན་ཞིང་ཁོང་ཚོར་མཆེ་བ་ཆེན་པོ་ཡོད། ཁོང་ཚོས་དུག་གཏོང་བར་སོ་མ་བརྒྱབ་པར་དུག་སྐྱེལ་བ་དང་སོ་ཡང་བརྒྱབ་གི་ཡོད། འདིའི་དུག་གིས་མཐོ་རིམ་སྲོག་ཆགས་ལ་ཧ་ཅང་སྡང་། དུག་འགོག་མ་བྱས་པའི་བྱིས་པ་ཞིག་ལ་དུག་བཏང་ན་སྐར་མ་༡༥ ནང་འཆི་གི་ཡོད།


4. Black Widow Spider ཡུགས་མོ་སྡོམ་ནག  སྡོམ་འདི་ནི་དུག་ཤུགས་དེ་ཙམ་མི་ཆེ་ཡང་འདིས་སོ་བཏབ་ན་ཤ་གནད་གཟེར་བ་དང་གནས་སྐབས་རིང་སྒལ་ཀླད་དང་ཀླད་པ་སོགས་ལ་གྲིབ་སྐྱོན་འབྱུང་སྲིད། འོན་ཀྱང་འཆི་སྐྱོན་འགྲོ་ཚད་ཧ་ཅང་ཉུང་།


5. Redback Spider སྡོམ་རྒྱབ་ནག སྡོམ་འདི་ནི་ཡུགས་མོ་སྡོམ་ནག་གི་ཁོངས་སུ་གཏོགས་པའི་དུག་ཅན་འབུ་སྲིན་ཞིག་ཡིན་ཞིང་ཨོ་སུ་ཐྲི་ལི་ཡའི་ཡུལ་དུ་ཡོད། དུག་འགོག་མ་བྱས་པའི་སྔོན་དུ་འདིའི་དུག་གིས་ཕོག་ན་ཚ་བ་རྒྱས་པ་དང་། མགོ་ན་བ། དམན་ཁྲོ་བ་ཡོང་གི་ཡོད།


6. Brown and Chilean Recluse Spider ཆ་ལེའི་ཁེར་སྡོད་ཀྱི་སྡོམ་རྒྱ་སྨུག ཆ་སྡོམ་རྒྱ་སྨུག་འདིའི་རིགས་དག་ནི་དུག་ཤུགས་ཆེ་ཡང་ཁོང་ཚོར་མཆེ་བ་ཆུང་ངུ་ལས་མེད་པས་གོས་ལོག་ཕུག་ཏེ་སོ་རྒྱག་པར་ཉེན་ཁ་དེ་ཙམ་མེད། ད་རུང་ཁོང་ཅག་ཡིབ་ནས་འདུག་པའི་གཤིས་ཀ་ཡོད་པས་སོ་འདེབས་པའི་ཉེན་ཁ་དེ་བས་མེད། འོན་ཀྱང་ཁོང་ཚོས་སོ་བརྒྱབ་པ་ཡིན་ན་རྨ་ཁ་སྐྲང་ནས་སོར་བཅུ་ཙམ་སྦོས་པ་དང་། མཁའ་མ་འཕྲོ་བརླག་འགྲོ་བ། དུག་ནད་ཕོག་པའི་ནང་གི་མི་བརྒྱ་ཆ་ ༣–༤ བར་འཆི་ལམ་དུ་འགྲོ་གི་ཡོད།

7. Mouse Spider བྱི་སྡོམ། སྡོམ་འདི་ཡང་ཨོ་ས་ཐྲི་ལི་ཡའི་ཡུལ་དུ་ཡོད་ཅིང་ཁོང་ཚོ་ལས་མོ་རིགས་རྣམས་ནག་པོ་དང་ཕོ་རིགས་དག་ཁྲ་བོ་ཡིན། ཁོང་ཚོས་སོ་འདེབས་པའི་ཉེན་ཁ་དེ་ཙམ་མེད་ཀྱང་གལ་ཏེ་སོ་བརྒྱབ་པ་ཡིན་ན་འཆི་བའི་ཉེན་ཁ་ཡོད་པས་འཕྲལ་མར་སྨན་བཅོས་བྱ་དགོས།


8. Chinese Bird Spider རྒྱ་ནག་བྱ་སྡོམ། སྡོམ་འདི་ནི་ལྷོ་ཨེ་ཤ་ཡའི་ཁུལ་དུ་ཡོད་ཅིང་དུག་ཨེན་ཙམ་ཆེ་ལ་ནུས་ཤུགས་ཆེ་བས་འོ་འཐུང་སེམས་ཅན་ཆུང་གྲས་གསོད་ནུས་ཟེེར་བཤད།


9. Fringed Ornamental Tarantula སྡོམ་ཞོལ་པ་མཛེས་རྒྱན་ཅན། སྡོམ་འདི་ནི་དུག་ཤུགས་འབྲིང་ཙམ་ཡོད་པའི་སྡོམ་ཞིག་ཡིན། ཁོང་ཚོར་མཆེ་བ་ཆེན་པོ་ཡོད་ནའང་མང་ཤོས་གྱིས་གནོན་སྐྱོན་གཏོང་གི་མེད། གལ་ཏེ་སོ་བཏབས་པ་ཡིན་གནོད་སྐྱོན་ཆེ་བ་བརྗོད་མེད་རེད། 

10. Yellow Sac Spider ཁུག་ལྡན་སྡོམ་སེར། སྡོམ་སེར་འདི་ནི་དུག་ཤུགས་ཆུང་ཤོས་ཀྱི་སྡོམ་ཞིག་ཡིན་ཡང་སོ་བཏབ་ན་གནོད་ཚབས་ཆེ། འོན་ཀྱང་ཁོང་ཚོས་མི་ལ་སོ་འདེབས་པ་ཉུང་ཉུང་ཡིན། གོང་གསལ་སྡོམ་དུག་ཅན་བཅུ་ཐམ་པ་ཨང་རིམ་ལྟར་འཁོད་པ་དག་ནི་གནོན་སྐྱོན་ཆེ་རིམ་ནས་བཀོད་པ་ཞིག་རེད། དེས་ན་ང་ཚོས་རྒྱུན་པར་ཟས་སྣོད་ནང་དུ་སྡོམ་ཤི་ཡོད་མེད་དང་། དེ་དག་གིས་སོ་བཏབས་ཡོད་མེད་སོགས་སྡོམ་ལ་འཛེམ་ཟོན་བྱ་རྒྱུ་ཧ་ཅང་གི་གལ་ཆེ། 

——ཁྱུང་གིས་ ༢༠༡༥-༤-༡༨ ལ་བྲིས།

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག

ཆོས་གྲོགས་ལ་ཕུལ་བའི་སེམས་གཏམ།

བདག་གིས་ངོ་ལོ་བཅོ་ལྔའི་གོང་ཙམ་ལ་བྲིས་པའི་སྙན་རྩོམ་ཞིག་ཉེ་ཆར་ལོ་ཤས་སྔོན་དུ། རྒྱ་གར་ལྷོ་ཕྱོགས་མཻ་སུར་སྔ་འགྱུར་རྙིང་མའི་ཆོས་སྡེ་ཆེན་པོ་རྣམ...