2024/07/08

ཇམ་མུ་དང་ཀཤྨིར་འཇིགས་སྐུལ་རིང་ལུགས་པ་བཞི་བསད་པ།

དེ་རིང་ཇམ་མུ་དང་ཀཤྨིར་ས་གནས་སུ་འཇིགས་སྐུལ་རིང་ལུགས་པ་བཞི་བསད་པ་དེ་དག་འཆའ་སྒམ་རྫུན་མའི་ཡིབ་ཁང་དུ་སྦས་ནས་ཡོང་ཡོད་པ་རེད། དེ་ཡང་ད་ལན་བསད་པའི་འཇིགས་སྐུལ་རིང་ལུགས་པ་ཚང་མ་ཧི་ཛི་བྷུལ་་མུ་ཇ་ཧི་ཌིན་ (Hizbul Mujahideen) ཞེས་པའི་ཚོགས་པ་དང་འབྲེལ་བ་ཡོད་ཅིང་དེའི་ཁྲོད་ནས་གཅིག་ནི་ཧི་ཛི་བྷུལ་གྱི་ས་གནས་དམག་དཔོན་ཡིན་པར་བཤད།
དེ་ཡང་རེས་གཟའ་སྤེན་པའི་དགོང་མོ་ཆིན་ནི་གམ་དུ་གདོང་ཐུག་བྱུང་ནས་བསད་པའི་འཇིགས་སྐུལ་རིང་ལུགས་པ་བཞི་པོ་དག་དེ་སྔོན་ཇམྨུ་དང་ཀཤྨིར་གྱི་ཀུལ་གམ་རྫོང་ཁོངས་ཀྱི་ཆིན་ནི་གམ་ཧྥི་རི་སལ་ཞེས་པར་གསང་ཡིབ་བྱས་ཏེ་བསྡད་ཡོད་པ་རེད། གཞུང་འབྲེལ་མི་སྣ་ཞིས་གིས་“ཁོང་ཚོས་ཨལ་མི་རཱ་ཡི་(འཆའ་སྒམ་)ནང་དུ་ཡིབ་ཁང་ཞིག་བཟོས་འདུག་”ཅེས་བརྗོད། ད་ལྟ་ས་གནས་མི་མང་གིས་འཇིགས་སྐུལ་རིང་ལུགས་པ་ཚོར་རོགས་སྐྱོར་བྱས་ཡོད་མེད་ལ་ཞི་བ་བཤེར་བྱེད་བཞིན་ཡོད་རེད། ཡང་གདོང་ཐུག་དེའི་ཁྲོད་དང་པོ་མ་ཌེར་གྷམ་ལ་གཅིག་དང་དེ་ནས་ཆི་ནི་གམ་དུ་གཅིག་བཅས་རྒྱ་གར་དམག་མི་གཉིས་ཀྱི་ཚེ་སྲོག་ཤོར་ཡོད་པ་རེད།




No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག