2011/03/05

ལོ་གསར།

གློག་སྒྲོན་བྲོས་ཚར་བའི་དགོང་མོ་དེ་ནི།
ཏག་ཏག་ལོ་གསར་ཚེག་གཅིག་རེད།
མུན་ནག་གི་རེ་བ་ཉིན་མོ་ལ་བཏུག་ཀྱང་།
གློག་སྒྲོན་ལོག་མ་བྱུང་།
ངས་ད་དུང་བསྒུགས་ནས་བསྡད།
མི་ལོ་ཉི་ཤུའི་རིང་ཁ་བྲལ་བའི་སྦྲང་དཀར་ལྷ་མོས།
ཇ་སྲུབ་དཀར་གང་བཏེགས་ཀྱང་།
ཡིན་ག་འཆུན་ནས་འཐུང་ཐུབ་མ་སོང་།
གློག་སྒྲོན་ལགས།
ངས་ད་དུང་ཁྱེད་བསྒུགས་ནས་ཡོད།

1 comment:

  1. ཁྱེད་ཀྱི་དྲྭ་ཚིགས་གསར་བར་བཀྲ་ཤིས་བདེ་ལེགས་ཞུ། ད་དུང་ཡོད་ད། ལོ་གསར་བའི་ནང་བྱ་བ་ལམ་འགྲོ་དང་། དྲྭ་ཚིགས་དར་རྒྱས། རྩོམ་ཡིག་གོང་འཕེལ་སོགས་ཀྱི་སྨོན་པ་མང་པོ་ཡོད་དོ།
    འཆམ་ར་དྲི་མེད་ཀྱིས་གུས་པས།

    ReplyDelete

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག