རོམ་ཐང་གནས་ཁྲ་མོ། |
གླིང་གེ་སར་ལོ་རྒྱུས་ལྷ་ལས་འཕྲོས། །
བོད་སྒང་པའི་ལོ་རྒྱུས་གླིང་ནས་བཤད། །
དགོས་རྨེ་རུའི་ལོ་རྒྱུས་གླིང་དང་འབྲེལ། །
གནའ་འབྲུག་མོས་ལྷ་རྟ་བཟུང་བའི་ཡུལ། །
གནས་སྤེ་ནེ་རི་བཀྲ་རྒྱབ་རི་ཡིན། །
རི་དེ་རྩེར་རླུང་གི་སྤུ་གྲི་ཡོད། །
རླུང་སྤུ་གྲིས་མགོ་སྐྲ་འཐོག་གསུངས། །
རླུང་སྤུ་གྲིས་དར་གོས་དབྲལ་འགྲོ་གསུངས། །
རླང་སྤུ་གྲིའི་ལོ་རྒྱུས་གནའ་གཏམ་རེད། །
སེང་འབྲུག་མོས་རྟ་བཟུང་ལྷ་བཤད་རེད། །
གནའ་གཡུ་ཤུག་གྱོན་པའི་རི་རྒྱལ་ཞིག །
དུས་དེང་སང་རྔོ་རི་སྤུ་མེད་གྱུར། །
དོན་དངོས་བྱུང་ཁེ་ཚེས་ར་སྤྲོད་ཡོད། ། (ཁེ་ཚེ་ཤིང་སྡོང་གི་རྩ་བ།)
ཡང་གེ་སར་བྱང་ལ་འགྲོ་བའི་དུས། །
བོད་སྒང་པའི་ལོ་རྒྱུས་གླིང་ནས་བཤད། །
དགོས་རྨེ་རུའི་ལོ་རྒྱུས་གླིང་དང་འབྲེལ། །
གནའ་འབྲུག་མོས་ལྷ་རྟ་བཟུང་བའི་ཡུལ། །
གནས་སྤེ་ནེ་རི་བཀྲ་རྒྱབ་རི་ཡིན། །
རི་དེ་རྩེར་རླུང་གི་སྤུ་གྲི་ཡོད། །
རླུང་སྤུ་གྲིས་མགོ་སྐྲ་འཐོག་གསུངས། །
རླུང་སྤུ་གྲིས་དར་གོས་དབྲལ་འགྲོ་གསུངས། །
རླང་སྤུ་གྲིའི་ལོ་རྒྱུས་གནའ་གཏམ་རེད། །
སེང་འབྲུག་མོས་རྟ་བཟུང་ལྷ་བཤད་རེད། །
གནའ་གཡུ་ཤུག་གྱོན་པའི་རི་རྒྱལ་ཞིག །
དུས་དེང་སང་རྔོ་རི་སྤུ་མེད་གྱུར། །
དོན་དངོས་བྱུང་ཁེ་ཚེས་ར་སྤྲོད་ཡོད། ། (ཁེ་ཚེ་ཤིང་སྡོང་གི་རྩ་བ།)
ཡང་གེ་སར་བྱང་ལ་འགྲོ་བའི་དུས། །
མཐོ“དགོ་རོ་མགོ་”(དགའ་བྲོ་མགོ)ནས་གཟིགས་པ་ན། །
ཡུལ་རྨེ་རུ“རྟ་ཤོད”གཤོང་ཆེན་འདི། །
བྱང་མུ་མེད“མུན་པ་ཆུ་འཁྲིགས”རེད། །
གྲངས་མཐའ་མེད་ཆུ་གནས་སྲོག་ཆགས་ཚོ། །
གནས་དག་པའི་ཞིང་ལ་བསྒྲལ་བའི་ཆེད། །
གནས་དག་པའི་ཞིང་ལ་བསྒྲལ་བའི་ཆེད། །
གླིང་གེ་སར་མི་རྟ་གཉིས་པོ་དེ། །
རྐྱལ་བདེ་བའི་ཉ་སྲམ་གཉིས་སུ་སྤྲུལ། །
ནུབ་“གོང་རལ་”ལ་འབྱོར་བ་དང་། ། (གོང་རལ་ཞེས་པའི་གྲོང་པ་འདིར་སྔ་མུན་པ་ཆུ་འཁྲིགས་སྐབས་མཚོ་ཁ་ལུད་ནས་བབས་ས་ཡིན་པས་དེ་ལྟར་ཐོགས།)
ཕྱག་རལ་གྲི་གཏབ་པ་ལེན་མེད་དེས། །
ནུབ“ཆུ་མདོ་འགག”ནས་མཚོ་ཁ་དབྲལ། །
ནུབ“ཆུ་མདོ་འགག”ནས་མཚོ་ཁ་དབྲལ། །
ཆུ་འཁྱིལ་འཁྱིལ་རྒྱ་མོ་རྔུལ་ཆུར་བསྲེས། །
སྲོག་ཆགས་ཚད་ཐར་པའི་ལམ་དུ་དྲངས། །
གྲིས་གཤགས་པའི་བྲག་ལྡེབས་ཕུག་གུའི་ནང་། །
ལས་ངན་པའི་ཐེའུ་རང་ཆུང་ངུ་ཞིག །
བསྒྲལ་མ་ནུས་རེ་ཞིག་ལྷག་པའི་ཚེ། །
སྲུ་འབྲུག་མོར་སྦྱོར་བའི་རྫུལ་འཕྲུལ་བསྟན། །
ཁོ་ཐེའུ་རང་ཆགས་པའི་མགོ་རྨོངས་ནས། །
སྲོག་ཆགས་ཚད་ཐར་པའི་ལམ་དུ་དྲངས། །
གྲིས་གཤགས་པའི་བྲག་ལྡེབས་ཕུག་གུའི་ནང་། །
ལས་ངན་པའི་ཐེའུ་རང་ཆུང་ངུ་ཞིག །
བསྒྲལ་མ་ནུས་རེ་ཞིག་ལྷག་པའི་ཚེ། །
སྲུ་འབྲུག་མོར་སྦྱོར་བའི་རྫུལ་འཕྲུལ་བསྟན། །
ཁོ་ཐེའུ་རང་ཆགས་པའི་མགོ་རྨོངས་ནས། །
“གླིང་གེ་སར་ཧ་ཧ་ཧ་”ཞེས་འབོད་སྐབས། །
ཕྱག་སོར་རྡོ་འཕངས་ཏེ་དམ་ལ་བཏགས། །
སྨན་འབྲུག་མོ་མནན་པའི་འཕོངས་རྗེས་དང་། །
གླིང་གེ་སར་གཟིམས་པའི་པུས་རྗེས་གཉིས། །
བྲག་ངོས་ཀྱི་ཐེའུ་རང་ཕུག་གུ་གསུམ། །
སྙན་གཏམ་རྒྱུད་འཁྲུངས་ས་དང་པོ་རེད། །
ལས་དོན་ཆེན་གྲུབ་རྗེས་རྟ་ཆུ་རྒྱུད། །
རྟ་རྐྱང་པོ་ཆིབས་དེ་ཡར་ལ་ཕེབས། །
“གནས་ཁྲ་མོར་”བྱེ་མའི་ཚོམ་བུ་ཆགས། །
སྨན་འབྲུག་མོ་མནན་པའི་འཕོངས་རྗེས་དང་། །
གླིང་གེ་སར་གཟིམས་པའི་པུས་རྗེས་གཉིས། །
བྲག་ངོས་ཀྱི་ཐེའུ་རང་ཕུག་གུ་གསུམ། །
སྙན་གཏམ་རྒྱུད་འཁྲུངས་ས་དང་པོ་རེད། །
ལས་དོན་ཆེན་གྲུབ་རྗེས་རྟ་ཆུ་རྒྱུད། །
རྟ་རྐྱང་པོ་ཆིབས་དེ་ཡར་ལ་ཕེབས། །
“གནས་ཁྲ་མོར་”བྱེ་མའི་ཚོམ་བུ་ཆགས། །
སྤུངས་བྱེ་མ་ལྕག་གིས་བསལ་ཤུལ་ནས། །
ཤེལ་དྭངས་མའི་འཕཌ་པ་སྤྱན་རས་གཟིགས། །
ཁྲུ་གང་མ་ཞིག་གིས་ལེགས་གསོལ་གནང་། །
དུས་དེ་ནས་བཟུང་སྟེ་ས་གནས་འདི། །
ཤེལ་དྭངས་མའི་འཕཌ་པ་སྤྱན་རས་གཟིགས། །
ཁྲུ་གང་མ་ཞིག་གིས་ལེགས་གསོལ་གནང་། །
དུས་དེ་ནས་བཟུང་སྟེ་ས་གནས་འདི། །
གནས་གྲགས་ཅན་གནས་རི་ཁྲ་མོ་ཆགས། །
ཆོས་རྡོ་འབུམ་བརྩིགས་པ་རི་བོའི་ལྟོས། །
ས་དེ་ནས་ཤར་ལྷོའི་ལུང་གཤོང་དེར། །
བདུད་དུག་སྦྲུག་འཁྱུགས་པའི་རྗེས་ཤུལ་ཡོད། །
སྦྲུལ་ཐུལ་བས་ས་དེར་“བསམ་འགྲུབ་ནང”། །
ཆོས་རྡོ་འབུམ་བརྩིགས་པ་རི་བོའི་ལྟོས། །
ས་དེ་ནས་ཤར་ལྷོའི་ལུང་གཤོང་དེར། །
བདུད་དུག་སྦྲུག་འཁྱུགས་པའི་རྗེས་ཤུལ་ཡོད། །
སྦྲུལ་ཐུལ་བས་ས་དེར་“བསམ་འགྲུབ་ནང”། །
བདུད་སྦུལ་མགོ་མནན་པའི་རྗེས་ཤུལ་ཡོད། །
ཁོང་དེ་ནས་ཡར་ལ་རི་རྩེར་ཕེབས། །
ལྷོ་རོམ་ལའི་བྲག་གི་རྒྱལ་རོལ་ན། །
བདུད་སྟོབས་ཅན་གབ་ནས་ཡོད་པ་མཁྱེན། །
མདའ་གཅིག་གི་བདུད་རྒན་ཆམ་ལ་ཕབས། །
མདའ་བརྒྱབ་ཤུལ་བྲག་ལ་ཨུ་ཁུང་ཡོད། །
མདའ་འཕངས་སར་མདའ་གཞུའི་རྗེས་ཤུལ་ཡོད། །
མདའ་ཟག་སར་སྨྱུག་མའི་ཕུང་པོ་ཞིག །
ལྷོ་ཚ་བ་རོང་དུ་སྐྱེས་པར་གྲགས། །
ཁོང་དེ་ན་“འགག་གཤིས་”རོང་དུ་བབས། །
འགག་ལའི་རྒྱལ་པོ་མགོ་གཉིས་བརྟུལ། །
མགོ་མནན་པ་མཛད་སྐབས་རྡོ་མེད་པས། །
སྲུ་འབྲུག་མོས་རྡོ་ཡི་གཏེར་ཁ་ཕྱེས། །
ས་དེ་ལ“འབྲུག་མོ་རྡོ་མཛོད”ཟེར། །
རྡོ་ཡོད་ཚད་རྡོ་ལེབ་ཤ་སྟག་ཡིན། །
གླིང་དཔའ་རྟུལ་མི་རེས་རྡོ་རེ་བསྣམས། །
མགོ་མནན་པ་མཛད་པའི་སྐྱ་ཁྲི་བརྩིགས། །
དེའི་རྗེས་སུ་གེ་སར་རྔོན་ལ་ཕེབས། །
ཡུལ་ཉིན་ལུང་ཤ་མོའི་སུལ་འདྲ་ཡོད། །
དེའི་ནང་དུ“བདུད་ཤ་སྐྱ་ཧྲེང”གནས། །
ཡུལ་ཉིན་ལུང་ཤ་མོའི་སུལ་འདྲ་ཡོད། །
དེའི་ནང་དུ“བདུད་ཤ་སྐྱ་ཧྲེང”གནས། །
བདུད་ཤ་བ་རི་ལ་གཡེངས་པ་མཐོང་། །
ཡུལ་དེ་ལ་ད་བར“རི་ནང”གྲགས། །
ཡུལ་དེ་ལ་ད་བར“རི་ནང”གྲགས། །
ཤ་དེ་ནས་ཤོར་བའི་ཕར་ནང་ན། །
ཤ་བསླུ་བའི་གར་འཆམ་སྣ་ཚོགས་འཁྲབས། །
ས་དེ་ལ་ད་བར“འཆམ”ནང་ཟེར། །
ཤ་བསླུ་བའི་གར་འཆམ་སྣ་ཚོགས་འཁྲབས། །
ས་དེ་ལ་ད་བར“འཆམ”ནང་ཟེར། །
ཤ་བསླུ་ཆེད་རོགས་ཟླ་ཡིན་ཁུལ་བྱས། །
ལུང་དེ་ན་ད་བར“རོགས་ནང”ཟེར། །
ལུང་དེ་ན་ད་བར“རོགས་ནང”ཟེར། །
ཤ་དེ་ནས་ཤོར་བའི་ཕར་ནང་ནས། །
བདུད་ཤ་བས་ཚོར་ནས་བྲོས་ཤོར་བའི། །
བདུད་ཤ་བས་ཚོར་ནས་བྲོས་ཤོར་བའི། །
ཡུལ་དེ་ལ་ད་བར“ཤོར་ན་ནང”། །
ལུང་དེ་ཚོར་རི་རོགས་འཆམ་གསུམ་དང་། །
ཡུལ་ཤོར་ན་ནང་སོགས་ད་བར་གྲགས། །
ཡུལ་ཤོར་ན་ནང་སོགས་ད་བར་གྲགས། །
ཆེས་མཐའ་མ་ཤོར་ན་མདའ་རུ་སླེབས། །
བྲག་“མདའ་ལྟོང་ནང་”ནས་མདའ་ཞིག་སྤྲིངས། །
བྲག་“མདའ་ལྟོང་ནང་”ནས་མདའ་ཞིག་སྤྲིངས། །
དམའ་“བཤས་དཀར་ཐང་”དུ་ཤ་བ་བསད། །
ཕོ་ཝ་(འཇོན་པ)བའི་རྟགས་སུ“ཝ་མདའ”ལ། །
འདྲེ་ཤ་བདུད་ཁྲག་གིས་བྲིས་པ་ཡི། །
ལྷ་རིགས་གསུམ་མགོན་པོའི་བསྙེན་པ་དག །
གསལ་ལྷང་ངེར་བྲག་ལ་མཇལ་རྒྱུ་ཡོད། །
རྟ་རྐྱང་པོས་འདྲེ་ལོག་བརྒྱབ་ཤུལ་ཡོད། །
དེས་མ་ཟད་རྫི་འགག་ཉིན་ངོས་ལ། །
ལྷ་རིགས་གསུམ་མགོན་པོའི་བསྙེན་པ་དག །
གསལ་ལྷང་ངེར་བྲག་ལ་མཇལ་རྒྱུ་ཡོད། །
རྟ་རྐྱང་པོས་འདྲེ་ལོག་བརྒྱབ་ཤུལ་ཡོད། །
དེས་མ་ཟད་རྫི་འགག་ཉིན་ངོས་ལ། །
རྡོ་ཕ་བོང་ཆུ་ཡིས་བཤལ་འདྲ་ཞིག །
སྨན་འབྲུག་མོས་གསང་ཆབ་གནང་ཤུལ་ཟེར། །
རྡོ་དེ་ལ“འབྲུག་མོ་གྲི་བརྡར”ཟེར། ། (མི་ལོ་སུམ་ཅུའི་སྔོན་ཙམ་ནས་རྡོ་དེ་གཡུ་གྲོང་བའི་གྲོང་མི་ཞིག་གིས་མཆིག་བཟོ་བའི་ཆེད་གཏོར་བརླགས་བཏང་ཟིན།)
གྲི་བརྡར་ན་ཤ་ཟོས་ཉེས་མེད་ཟེར། །
དེས་མ་ཟད་རྟ་མདའི་ཡར་ཙམ་དུ། །
སྟོད“སེང་ཆེན་ཐང”གི་མཚེར་ས་དེ། །
གླིང་གེ་སར་སྦྲ་ནག་ཕུབ་ཤུལ་ཟེར། །
ཆེས་ཐ་མའི་ལས་དོན་ཀུན་འགྲུབ་ནས། །
དོན་གྲུབ་པའི་དགའ་སྤྲོ་གཏོང་ས་དེར། །
དུས་ད་དུང“དགའ་བྲོ་མགོ་”ཞེས་གྲགས། །
དུས་ད་དུང“དགའ་བྲོ་མགོ་”ཞེས་གྲགས། །
འགྲིག་མི་འགྲིག་ས་བཤད་རྡོ་བཤད་དག །
དོན་དངོས་བྱུང་ཡིན་མིན་ཇི་ལྟར་ཡང་། །
བོད་སྒང་པའི་སྲོལ་རྒྱུན་བསམ་བློ་དག །
ས་རི་བྲག་མཚོ་ལ་ཤར་བ་ཡི། །
བཀྲ་བསལ་བའི་གཟུགས་བརྙན་ཤ་སྟག་རེད། །
དོན་དངོས་བྱུང་ཡིན་མིན་ཇི་ལྟར་ཡང་། །
བོད་སྒང་པའི་སྲོལ་རྒྱུན་བསམ་བློ་དག །
ས་རི་བྲག་མཚོ་ལ་ཤར་བ་ཡི། །
བཀྲ་བསལ་བའི་གཟུགས་བརྙན་ཤ་སྟག་རེད། །
No comments:
Post a Comment
གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག