2019/04/25

འཁོར་ལོ་བདུན་གྱི་སྦྱོར་ཐབས།



སྲོག་ལུས་སེམས་གསུམ་ཡོངས་རྫོགས་འཁོར་ལོ་བདུན་གྱི་རྣམ་གཞག་ཏུ་དྲིལ་བ། འཁོར་ལོ་རྣམས་ཀྱིས་ཆ་སྙོམ་ལས་གཟུགས་གཞི་བདེ་ཐང་དང་། ནུས་སྟོབས། ཉམས་རྟོགས་འཕེལ་བར་བྱེད། 

1. རྩ་བའི་འཁོར་ལོ་འམ“མཱུ་ལ་དྷཱ་ར་ཅཀྲ(मूलाधार)”སྟེ་མཱུ་ལ་རྩ་བ་དང་ཨ་དྷཱ་ར་ནི་གཞིའོ། །
དོན: རྟེན་གཞིའི་རྩ་བ།
གནས: སྒལ་ཚིགས་སྒྲོམ་གཞི།
ཁམས: ས།
མཐུན་པོའི་སྦྱོར་བ (function): འཚོ་བ། བརྟན་པ། གཞི་རྩ་བརྟན་པ། བརྩེ་བའི་ཡོན་ཏན། ཡིད་ཆེས། མོས་གུས། ངང་རྒྱུད། གཟུགས་པོའི་ཆ་ལས། རྐང་པ།(རླ་མན་གྱི་ཆ་) རྐང་པ། སྒྱུ་ཆེན། སོ་བཅས་སོ།
མི་མཐུན་པའི་སྦྱོར་བ (Malfunction): ལྗིད་ཚད་ཀྱི་གནོད་སྐྱོན། རྩ་ཆུ་འགག་ནད། དཔྱི་མགོའི་དབང་རྩའི་ནད། གྲུམ་ནད། པུས་མོའི་ནད། རྒྱབ་གཟེར་བཅས་སོ། །
ཚོན་མདོག: དམར་པོ།
Muladhara Mandala.svgསྒྲ: དོ། (ཨ་ཐུང)
སྔགས: ལུཾའམ་ལུམ།
ཕྱག་རྒྱ:  གྱ་ན་མུ་དྲཱ་སྟེ་ (Gyana - ཟེར་བ་ཞིག་མ་རྙེད་པས་ཕལ་ཆེར་ཛྙ་ན་ཡིན་ནམ་བསམ།?) ཡེ་ཤེས་ཕྱག་རྒྱ།
རེས་གཟའ: ཉི་མ།
སྒྱུ་སྐར: ས་གཞི།
ལྩགས་རིགས: ཞ་ནེ།
སེམས་ཚོར: ང་ཡིན།



2. ཚང་ཚིགས་འཁོར་ལོའམ་རོའི་གནས། “སྺཱ་དྷི་སྛཱ་ན་(स्वाधिष्ठान)”སྟེ་“སྺཱདྷ་”རོ་དང་“སྛཱ་ན་”གནས་ཏེ་རོ་ཡི་གནས།
Swadhisthana Mandala.svgདོན: མངར་མོ།
གནས: ལྟོ་བ།
ཁམས: ཆུ།
མཐུན་པའི་སྦྱོར་བ: འདོད་པ། བདེ་བ།
ཡོན་ཏན: འབྲེལ་ལམ། གསར་སྐྲུན།
གཟུགས་པོའི་ཆ: མངལ། སྐྱེ་འཕེལ་དབང་པོ། མཁལ་མ། གཅིན་ལྒང་།
མི་མཐུན་སྦྱོར་བ: བུ་སྣོད་དང་གཅིན་སྒང་མཁལ་མ་བཅས་ལ་གནོད་སྐྱོན། རྒྱབ་སྨན་ན་བ། ཕོ་མོའི་དབང་ནད། རྒྱུན་མར་ཆ་སྙོམ་མེད་པ།
ཚོན: ལི་ཝང་།
སྒྲ: རེ། (ཨེ་ཐུང)
སྔགས: བུཾའམ་བུམ།
ཕྱག་རྒྱ: དྷྱཱ་ན་ཏེ་ཏིང་འཛིན་ཀྱི་ཕྱག་རྒྱ།
རེས་གཟའ: ཟླ་བ།
སྒྱུ་སྐར: ཟླ་བ།
ལྕགས་རིགས: བཤའ་དཀར།
སེམས་ཚོར: ངས་ཚོར།

3. ཉི་ཁྱིམ: ཁྲག་རྩའི་དྲྭ་བའམ་མ་ཎི་པུ་ར། མ་ཎི་ནོར་བུ་དང་པུར་གྲོང་སྟེ་ནོར་བུའི་གྲོང་གི་འཁོར་ལོ།
དོན: ནོར་བུ་འོད་འཚེར།
Manipura Mandala.svgགནས: ཁྲག་རྩ།
ཁམས: མེ།
མཐུན་པའི་སྦྱོར་བ: བློ་སྟོབས། གདེང་སྤོབས།
ཡོན་ཏན: ངོས་འཛིན། གདེང་ཚོད། སྟོབས། ཟས་འཇུ་བའི་མ་ལག(ལེགས) མེ་ལྷ། (སྐྱོབས)?
ལུས་ཀྱི་ཆ: མཆིན་པ། མཁྲིས་སྣོད། ཟས་འཇུ་བའི་མ་ལག
མི་མཐུན་སྦྱོར་བ: རྨ་འབྲུམ། གཅིན་སྙིའི་ནད། ཟས་མ་འཇུ་བ། སེམས་གཅོང་།
ཚོན: སེར་པོ།
སྒྲ: མཻ། (ཨེ་རིང)
ཕྱག་རྒྱ: མ་ཏཾ་གཱིའི་ཕྱག་རྒྱ།
རེས་གཟའ: མིག་དམར།
སྒྱུ་སྐར: གཟའ་ཆེན་མིག་དམར་དང་ཉི་མ།
ལྕགས་རིགས: ལྕགས།
སེམས་ཚོར: ངས་བྱེད།

4. སྙིང་གི་འཁོར་ལོའམ་“ཨ་ན་ཧ་ཏ་ཅཀྲ་(अनाहतचक्र)”སྟེ་མཐའ་མེད་པ།
དོན: མ་བརྡབས་པ།?
གནས: བྲང་ཁའི་བར།མཐུན་པའི་སྦྱོར་བ: ལྷད་མེད་བརྩེ་བ། སྙིང་རྗེ། སྒྱུ་རྩལ། ཐུན་མོང་མཉམ་སྤྱོད།
ཡོན་ཏན: ལྷད་མེད་བརྩེ་བ། སྙིང་རྗེ།
Anahata Mandala.svgལུས་ཀྱི་ཆ: གློ་བ། སྙིང་། ཁྲག་འཁོར་སྐྱོད་མ་ལག ལག་མཐིལ། དཔུང་པ། ལག་པ།
མི་མཐུན་སྦྱོར་བ: དབུགས་གསག ཁྲག་ཤེད། སྙིང་དང་གློ་ནད།
ཚོན: ལྗང་ཁུ།
སྔགས: ཡུཾའམ་ཡུམ།
ཕྱག་རྒྱ: ཧྲཱི་ད་ཡ་སྟེ་སྙིང་པོའི་ཕྱག་རྒྱ།
རེས་གཟའ: ལྷག་པ།
སྒྱུ་སྐར: གཟའ་ཆེན་པ་སངས། ཐོ་རང་སྐར་ཆེན།
ལྕགས་རིགས: ཟངས།
སེམས་ཚོར: ངས་བརྩེ་བ་(ཡོད།)

5. མགྲིན་པའི་འཁོར་ལོའམ་“བི་ཤུད་དྡྷི་(विशुद्ध)”སྟེ་དག་སྦྱང་གི་འཁོར་ལོ།
Vishuddha Mandala.svgདོན: གཙང་སེལ་ལམ། ཁྲུས་གསོལ།
གནས: མགྲིན་པའི་སྦུ་གུ།
ཁམས: བར་སྣང་དང་ནམ་མཁའ།
མཐུན་པའི་སྦྱོར་བ: ཁྲུས་གསོལ། འབྲེལ་ལམ།
ཡོན་ཏན: ཁྲུས་གསོལ། བརྡ་མཚོན(སྟོན་པ)? འབྲེལ་ལམ། གསར་གཏོད།
ལུས་ཀྱི་ཆ: སྐེའི་ཆ། མིག་པ། ཕྲག་པ། རྣ་བ། ཁ་བཅས།
མི་མཐུན་སྦྱོར་བ: མིག་པ་ན་བ། མཇིང་རྩ་འཆུས་པ། གྲང་བ། ཨོལ་མདུད་ན་བ། རྣ་དབང་མི་གསལ་བ། ཕྲག་པ་གཟེར་བ།
ཚོན: སྔོན་པོ།
སྒྲ: སོལ། (ཨོ་ཐུང)
ཕྱག་རྒྱ: “གྲན་ཐི་ཏ་ (ग्रन्थित)” སྟེ་ཡོན་ཏན་གྱི་ཕྱག་རྒྱ།?
རེས་གཟའ: ཕུར་བུ།
སྒྱུ་སྐར: གཟའ་ཆེན་ལྷག་པ།
ལྕགས་རིགས: དངུལ་ཆུ།
སེམས་ཚོར: ངས་བཤད།

Ajna Mandala.svg6. སྤྱན་གསུམ་པའི་འཁོར་ལོའམ་ཨཱ་ཛྙཱའི་འཁོར་ལོ (आज्ञाचक्र)ཏེ་དམག་དཔོན་འཁོར་ལོ་?ཞེས་པའི་དོན།
གནས: མཛོད་སྤུའི་ཐད་དེ་སྨིག་མ་གཉིས་ཀྱི་བར།
ཁམས: འོད།
མཐུན་པའི་སྦྱོར་བ: མངོན་པར་རྟོགས་པ། མཐོང་བ།
ཡོན་ཏན: འཛིན་སྟངས་བཟང་ཕྱོགས། མངོན་པར་རྟོགས་པ།
ལུས་ཀྱི་ཆ: མིག་གི་ཆ། སྨིག་མ། ཀ་ལིའི་སྤྱི་སྒྲོམ།
མི་མཐུན་སྦྱོར་བ: ལོང་བ། སེམས་ངལ། བློ་འཚབ། མགོ་ན་བ། མགོ་གཟེར། གཉིད་མི་ཁུག་པའི་ནད།
ཚོན: མཐིང་།
སྔགས: ཡུཾའམ་ཡུམ།
རེས་གཟའ: པ་སངས།
སྒྱུ་སྐར: གཟའ་སྐར་ཕུར་བུ། སྐར་མ་མཚོ་རྒྱལ།
ལྕགས་རིགས: དངུལ།
སེམས་ཚོར: ངས་མཐོང་།

7. གཙུག་ཏོར་འཁོར་ལོ། ས་ཧ་སྲཱ་ར་འཁོར་ལོ་(सहस्रारचक्र) མཐའ་ཡས་པའི་འཁོར་ལོ།
དོན: ལྡབ་སྟོང་ཕྲག་བརྩེགས་པ།?
གནས: སྤྱི་གཙུག
ཁམས: བསམ་བློ།
Sahasrara Mandala.svgམཐུན་པའི་སྦྱོར་བ: དོན་རྟོགས་པ།
ཡོན་ཏན: བདེ་བ་ཆེན། ཁུ་སིམ་སིམ། རྨོངས་པ་སེལ་བ། (སངས་རྒྱས་པ)
ལུས་ཀྱི་ཆ: སྤྱི་བོ། ཀླད་རྒྱ། དབང་རྩའི་མ་ལག་གི་ལྟེ་གནས།
མི་མཐུན་སྦྱོར་བ: སེམས་གཅོང་། ཐེ་ཚོམ། ཡི་མུག་པ། སྤྲོ་སྣང་ཞན་པ།
ཚོན: མུ་མེན
སྒྲ: སི། (ཨི་ཐུང)
རེས་གཟའ: སྤེན་པ།
སྒྱུ་སྐར: སྐར་མ་གནམ་རྒྱལ།
ལྕགས་རིགས: གསེར།
སེམས་ཚོར: ངས་ཤེས།

ཨོ་རྒྱན་རིག་འཛིན་ནས་བྲིས།

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག