སྔོན་སྦྱངས་ལས་ཀྱི་འཕྲོ་སད་པས། །
མཚན་ལྡན་བླ་མས་རྗེས་སུ་བཟུང་། །
སྡོམ་གཙང་ཞིང་ས་གཤིན་པོ་རུ། །
མཁས་བཙུན་བཟང་པོའི་འབྲས་བུ་སྨིན། །
ཁྱེད་ཐུགས་ཟབ་མོའི་ཀློང་དུ་འཁྱིལ། །
ངག་ལ་དབྱངས་ཅན་དཔལ་གྲུབ་པས། །
འཆད་པའི་སྙན་གྲགས་གླིང་འདིར་ཁྱབ།།
གཞན་དོན་ལྷག་བསམ་དཀར་བ་ཡིས། །
བཤད་གྲྭ་སྐྱོང་བཞིན་སྒྲུབ་སྡེ་བཙུགས། །
ཉམས་ཐག་བུ་ཕྲུག་གསོ་སྐྱོང་གནང་། །
མཛད་ཕྲིན་ཆུ་བོའི་རྒྱུན་ལས་རིང་། །
སྔ་འགྱུར་རྒྱལ་བསྟན་སྤེལ་བ་ཡི། །
རྒྱལ་དབང་པདྨའི་ཕོ་བ་དངོས། །
མཁན་ཆེན་རྣམ་གྲོལ་ཚེ་རིང་མཆོག །
སྐུ་ཚེ་མཛད་ཕྲིན་དར་རྒྱས་ཤོག །
ཚིག་་་་་ཁྱུང་རིག་འཛིན།
No comments:
Post a Comment
གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག