ད་ལྟའི་ཀིནྣཽར་སྐད་ཡིག་གི་གནས་སྟངས་ནི་མ་འོངས་བོད་སྐད་ཀྱི་ལུང་བསྟན་ཉག་གཅིག་ཏུ་ངེས།
སྤྱིར་ཀིནྣཽར་མི་དམངས་ནི་རང་གི་ཕ་སྐད་དང་ཧིནྡི་སྐད་ཡིག་གཉིས་ཀ་ཤོད་ཐུབ་མཁན་ཡིན་ཡང་། ཡུལ་སྐད་མི་འདྲ་བ་(བརྒྱད་ལས་གཅིག་ཧིནྡི་དུ་དང་གཞན་བོད་སྐད།)རྣམས་ལས་ཧིནྡི་སྐད་ཡིག་ནི་ཕན་ཚུན་འབྲེལ་གཏུག་བྱེད་པའི་སྐད་ཆ་གཙོ་བོར་བྱེད། དེ་ནི་སློབ་གྲྭ་དང་མཐོ་སློབ་དང་། སྲིད་གཞུང་ལས་ཁུངས། ཚོང་ར། དངུལ་ཁང་སོགས་ཀྱི་སྐད་ཡིག་གཙོ་བོའང་ཡིན། ཁྱད་པར་གཞོན་རབས་པ་རྣམས་ནི་ཧིནྡིའི་གློག་བརྙན་དང་། རོལ་མོ། ལག་འཁྱེར་ཁ་པར། ཚགས་པར་སོགས་བརྡ་འཕྲིན་ཀྱི་སྤྱི་ཚོགས་ཀྱིས་ཤུགས་རྐྱེན་ཆེན་བ་དང་། དེའི་རྐྱེན་གྱིས་ཀིནྣཽ་རང་གི་གླུ་གཞས་གསར་རྩོམ་རྣམས་ཀྱང་ཧིནྡིའི་སྐད་ཡིག་གི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཕྱོགས་གཞན་ནས་མ་འོངས་པར་ཤེས་ཡོན་དང་ལས་ཞུགས་ཀྱི་ཁེ་ཕན་ཐོབ་ཆེད་དུ་མི་རབས་གཞོན་པ་རྣམས་ལ་ཧིནྡིའི་སྐད་ཡིག་སྦྱོང་དགོས་པ་དང་ཤོད་དགོས་པའི་སྐུལ་མ་རྒྱུན་དུ་བྱེད། དེར་བརྟེན་ཁུ་ནུའི་སྐད་ཡིག་ཆུ་རྒྱུག་རྒྱུག་བཤད་ཐུབ་མཁན་ནི་ཕྱི་ཕྱོགས་དང་འབྲེལ་འདྲིས་ཉུང་བའི་རྒན་རབས་པ་དང་དེང་རབས་ཅན་གྱིས་ཤུགས་རྐྱེན་མ་ཐེབས་པའི་མི་རབས་བར་མ་རྣམས་ཡིན། ད་ནི་མི་རབས་རྗེས་མ་རྣམས་ལ་རིག་གཞུང་གི་ཤེས་བྱ་དང་མེས་པོའི་ཤུལ་བཞག་རྣམས་རྒྱུད་འཛིན་བྱེད་ཐུབ་མིན་ལ་དོགས་གནས་ཆེན་པོ་ཡོད།
ཁུངས། NEGI, HARVINDER K U M A R. “LANGUAGE USE, PRESTIGE AND VITALITY OF LANGUAGES IN KINNAUR.” International Journal of Dravidian Linguistics , 2023.
No comments:
Post a Comment
གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག