མེེ་སོར་ནས་མ་ཌི་ཀེ་རི་བར་གྱི་མགྱོགས་ལམ་“དཔལ་འབྱོར་ལམ་ཆེན་” (Mysore-Madikeri Economic Corridor Expressway) ཞེས་པ་དེ་ད་ལྟ་དངོས་སུ་ལས་འགོ་ཚུགས་འདུག
གཞི་རྒྱ་ཆེ་བའི་གཞུང་ལམ་འཛུགས་སྐྲུན་གྱི་ལས་འཆར་ (NHAI) འདིར། ལམ་གྱི་རིང་ཚད་ལ་སྤྱི་ལེ་ 115 དང་། བཟོ་སྐྲུན་མ་དངུལ་ཧིན་སྒོར་ཀ་རོར་དྲུག་སྟོང་ (6,000 crores) ཡིན་པར་བཤད་ཅིང་ཀ་རོར་ཞེས་པ་ནི་འབུམ་བརྒྱ་ཐམ་པ་ཀ་རོར་གཅིག་ཡིན་པ་རེད། ལན་ཆེན་འདི་ནི་ཤྲི་རང་ག་པཊ་ན་ནས་མ་ཌི་ཀེ་རི་ (Srirangapatna to Madikeri) བར་མཐུད་རྒྱུ་ཡིན་པ་དང་། ད་ཆ་གྲོང་ཁྱེར་བྷེང་ལོར་ནས་ཀོ་ད་གུ་ (Banglore-Kodagu)ཡི་འགྲུལ་བཞུད་དུས་ཚོད་ཆུ་ཚོད་ 7 ཡིན་ཡང་གཞུང་ལམ་གྲུབ་རྗེས་ཆུ་ཚོད་ 5 ཡི་ནང་འབྱོར་ཐུབ་པར་བཤད།
ལར་ནས་འདི་ས་ཆའི་བདག་དབང་གི་རྐྱེན་པས་བར་སྐབས་འགོར་འགྱངས་བྱུང་ཡང་ད་ལྟ་གནད་དོན་ཐག གཅོད་བྱུང་ཟིན་པས་ལས་འགོ་དངོས་སུ་བཙུག་ཟིན་འདུག་ལ། འཆར་གཞི་ལྟར་ན་སྤྱི་ལོ་ 2027 ཟླ་ 4 ནང་མཇུག་བསྒྲིལ་རྒྱུར་འབད་ཀྱིན་ཡོད་པར་བཤད་ཅིང་། ལས་གཞིའི་དམིགས་ཡུལ་ནི་བྷེང་ལོར་ནས་མ་ཌི་ཀེ་རི་ (Banglore-Medikeri) བར་གྱི་འགྲུལ་བཞུད་དུས་ཚོད་ཧ་ཅང་ཉུང་དུ་གཏོང་རྒྱུ་དང་འཚང་ཁ་ཆུང་དུ་གཏོང་རྒྱུ་དེ་ཡིན་པར་བཤད།
No comments:
Post a Comment
གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག