2025/12/17

བརྩེ་དུང་རྒྱལ་མོའི་ལོ་རྒྱུས་དངོས།

བརྩེ་དུང་རྒྱལ་མོའི་ལོ་རྒྱུས་དངོས།
Cambodian Journalists Alliance Association: 18 November 2025 7:34 PM.
གཟའ་མིག་དམར་ཉིན་སི་ཝེ་རིང་ (Svay Rieng) ཉེན་རྟོག་པས་དྲ་ཐོག་མགོ་སྐོར་དང་། ཁྲིམས་འགལ་བཀག་ཉར། བཟི་སྨན་དང་འབྲེལ་བའི་ནག་ཉེས་ཡོད་པའི་ཝི་ཏི་ནམ་གྱི་མི་སེར་ལྔ་དང་། ཁོང་ཚོ་བྲོས་བྱོལ་དུ་གཏོང་མཁན་བུད་མེད་གཅིག དེ་བཞིན་ཁམ་བྷོ་ཌི་ཡའི་སྐྱེས་པ་གཅིག་བཅས་བསྐྱར་དུ་འཛིན་བཟུང་བྱས་ཡོད། དེ་ནི་ཁོང་ཚོས་བཙོན་ཁང་ནས་བྲོས་བྱོལ་བྱེད་ཐབས་བྱས་རྗེས་ཡིན་པ་དང་། སྤྱི་དམངས་ཚོགས་པ་ཞིག་གིས་ཀྱང་གནད་དོན་འདིར་མཐིལ་ཕྱིན་པའི་ཞིབ་འཇུག་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད།
དྲ་ཐོག་ཏུ་ཁྱབ་གདལ་ཆེན་པོ་ཕྱིན་པའི་བརྙན་ཐུང་ཞིག་གི་ནང་དུ། མི་དྲུག་གིས་སི་ཝེ་རིང་(Svay Rieng) ཞིང་ཆེན་ཁྲིམས་ཁང་དུ་རླངས་འཁོར་ནས་བབས་སྐབས་ཉེན་རྟོག་པ་དང་མེ་མདའ་རྒྱག་རེས་བྱས་ཏེ་བྲོས་བྱོལ་གྱི་ཐབས་ཤེས་བྱས་པ་མཐོང་རྒྱུ་ཡོད། དེ་ནི་གདོང་ཁེབས་དང་གོས་ནག་པོ་གྱོན་པའི་བུད་མེད་ཅིག་གིས་བཙོན་པ་ཞིག་ལ་མེ་མདའ་སྤྲད་དེ། ཉེན་རྟོག་པར་མེ་མདའ་རྒྱག་བཞིན་བྲོས་བྱོལ་བྱེད་ཐབས་བྱས་ཡོད་ཀྱང་སུ་ལའང་རྨས་སྐྱོན་ཕོག་མེད།
བཙོན་ཁང་སྤྱི་ཁྱབ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཁ་ཨང་སོ་ན་དིན་ (Kheang Sonadin) གྱིས་བཤད་དོན་ལྟར་ན། རྗེས་འདེད་བྱས་རྗེས་སྐྱེས་པ་གཅིག་དང་ཁྲིམས་ཁང་དུ་འཁྲིད་པའི་ཁམ་བྷོ་ཌི་ཡའི་བཙོན་པ་དེ་བཟུང་ཡོད་པ་དང་། ལྷག་འཕྲོས་ཀྱི་སྐྱེས་པ་བཞི་དང་ངན་རོགས་བུད་མེད་དེ་དག་ཆུ་ཚོད་ཁ་ཤས་ཀྱི་རྗེས་སུ་འཛིན་བཟུང་ཐུབ་པ་བྱུང་ཡོད། ཁོང་གིས་མུ་མཐུད་དུ་"ཉེས་ཅན་དྲུག་པོ་དེ་དག་ནི་བཟི་སྨན་དང་། ཁྲིམས་འགལ་གོ་མཚོན་ཉར་ཚགས། མི་གཏའ་བཙན་ཉར་བྱས་པའི་ཉེས་ཅན་པ་རེད་"ཅེས་བཤད། ཁོང་ཚོ་ནི་ ༢༠༢༥ ལོའི་ཟླ་ ༡ པོའི་ནང་བཀག་ཉར་བྱས་ཡོད་པ་རེད།
གཞུང་འབྲེལ་མིན་པའི་ཐོབ་ཐང་ཚོགས་པ་ལི་ཁ་དྷོ་ (Licadho) ཡི་འགན་འཛིན་ཨམ་སམ་ཨ་ཏཱ་ (Am Sam Ath) ཡིས་ཉེན་རྟོག་པར་གནད་དོན་འདིར་ཞིབ་འཇུག་ནན་པོ་དང་བཙོན་ཁང་གི་བདེ་འཇགས་དོ་དམ་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད། ཁོང་གིས་"གནད་དོན་འདི་ནི་བཙོན་པར་དོ་དམ་དང་བདེ་འཇགས་སྲུང་སྐྱོབ་བྱེད་ཕྱོགས་ཐད་ཀྱི་སློབ་གསོ་ཞིག་ཏུ་འགྱུར་དགོས། བདེན་པ་གསལ་རྟོགས་དང་ཁྲིམས་མཐུན་གྱི་ཐག་གཅོད་ཡོང་ཆེད་ཞིབ་འཇུག་ནན་པོ་བྱེད་དགོས་"ཞེས་དང་། ཁོང་གིས་སྔོན་མ་སིམ་རེབ་ (Siem Reap) ཞིང་ཆེན་དུ་ཐེ་ཝན་གྱི་བཟི་སྨན་ནག་ཚོང་བ་ཞིག་སོ་སྨན་བཅོས་བྱེད་སྐབས་བྲོས་བྱོལ་དུ་སོང་བའི་གནད་དོན་དྲན་གསོ་བྱས་ཡོད།
སི་ཝེ་རིང་ཁྲིམས་ཁང་གི་མགྲིན་ཚབ་པ་ལས་ཆུང་ཧེང་ (Lay Chungheng) གིས་ཉེན་རྟོག་པས་གནད་དོན་འདིའི་ཐོག་ལས་ཀ་བྱེད་བཞིན་ཡོད་ཅེས་མདོར་བསྡུས་ཤིག་བཤད་པ་ལས་འགྲེལ་བརྗོད་གཞན་བྱས་མེད། དེ་བཞིན་འབྲེལ་ཡོད་དཔོན་རིགས་གཞན་ཁག་ཅིག་གིས་ཀྱང་མཆན་འགྲེལ་གནང་རྒྱུར་ཁས་ལེན་བྱས་མེད་པ་རེད།

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག