2011/02/26

སྙན་ངག་གི་དཔེར་བརྗོད།

ཚེག་བར་གསུམ།
༼ཡ་ཆ།༽
མཐའ་གངས་རིས། །ཡོངས་བསྐོར་བ། །
ནང་དགའ་ཚལ། །གནས་ལྷ་ཡུལ། །
བོད་གངས་ཅན། །རྒྱས་འཕྲོག་སོང་། །
ལྷོ་རྒྱ་གར། །མེའི་ལུང་པར། །
སྡོད་དགོས་པ། །ལས་ལོས་ཡིན། །
༼ཆ་ཡ།༽
སྐྱེད་ཚལ་ན། །མེ་ཏོག་བཀྲ། །
སློབ་ཚོགས་འདིར། །ཤེས་རིག་བཀྲ། །
གངས་ལྗོངས་འདི། །མཐོ་སྒང་ཡིན། །
མཁའ་རླུང་སོགས། །དྭངས་གཙང་ཡིན། །

ཚེག་བར་བཞི།
༼ཆ་གཉིས།༽
ལྷོ་མཐའི་ཡུལ་ན། །ཚ་བ་ཆེ་སྐབས། །
དཔྱིད་ཉི་རིང་པོ། །ཨ་ཁ་ཉོབ་ཏོ། །
༼ཡ་ཆ་ཡ།༽
བོད་གངས་ཅན་གྱི། །མགོན་སྤྱན་རས་གཟིགས། །
མིའི་རྣམ་རོལ་བ། །སྐྱབས་༸གོང་ས་མཆོག །

ཚེག་བར་ལྔ།
༼ཆ་གཉིས་ཡ།༽
རྒྱང་རིང་བོད་ཡུལ་ན། །དྲིན་ཅན་ཨ་མ་བཞུགས། །
ཨམ་དྲན་ཐེངས་རེར། །མིག་ཆུ་དབང་མེད་ཤོར། །
༼ཡ་ཆ་གཉིས།༽
རྒྱང་རིང་པོ་ཨ་རི། །མི་ཀུན་གྱི་ལྷ་ཡུལ། །
ཆང་ཞིམ་པོ་སྦུ་རག། །སྐྱེམས་ནང་གི་བདུད་རྩི། །
༼ཆ་ཡ་ཆ།༽
རྒྱང་རིང་གི་ཨ་རི། །མི་ཡུལ་གྱི་ཞིང་ཁམས། །
ཨ་སྒོར་གྱི་རིན་ཐང་། །རིན་ཆེན་གྱི་དང་རྩེ། །

ཚེག་བར་དྲུག
༼ཆ་གསུམ༽
ཉིན་གུང་ཚ་བའི་ཉི་མ། །མེ་རི་ལུད་པ་འདྲ་བ། །
ནངས་དགོང་བསིལ་བའི་དུས་སུ། །དུག་སྦྲང་ཁབ་ལས་ཚ་བ། །
༼ཡ་ཆ་ཆ་ཡ།༽
དྲིན་ཕ་མའི་བྱམས་སྐྱོང་འོག །སྐྱིད་མ་ཁྱོག་ས་མཐར་འོངས། །
ཆ་རྒྱུས་མེད་མི་ཡུལ་ནས། །སེམས་འགྱོད་ཀྱང་བྱ་ཐབས་ཅི། །
༼ཆ་ཡ་ཆ་ཡ།༽
ཕ་མ་ཡིས་གཉོར་སྐྱོང་འོག །མ་བསྡད་ནས་ས་མཐར་འོངས། །
རྒྱུས་མེད་ཀྱི་མི་ཡུལ་ནས། །དྲན་གདུང་གི་སྐྱོ་གླུ་ལེན། །

ཚེགས་བར་བདུན།
༼ཆ་གསུམ་ཡ།༽
སྐྱེད་ཚལ་མེ་ཏོག་འཛུམ་པའི་ཁྲོད། །བུང་བ་སྐྱིད་པའི་དབྱངས་ལ་རོལ། །
ལྔ་རིག་གཞུང་ལུགས་བརྡལ་བ་རུ། །སློབ་ཚོགས་བརྩོན་པའི་ལས་ལ་བྲེལ། །
༼ཡ་ཆ་ཆ་ཆ།༽
མཁའ་བྱ་ལམ་ལྕགས་བྱས་བཟུང་དུས། །བྱ་རྒོད་པོ་ཚང་དུ་ལྷུང་སོང་། །
དེང་ཡར་ཐོན་རིག་གསར་འབར་དུས། །གནའི་སྲོལ་ལུགས་སྲིན་འབུ་ཚིག་སོང་། །
༼ཆ་ཡ་ཆ་གཉིས།༽
སྔོ་ལྗང་གི་རྩ་ཐང་ཡངས་པོར། །ཕྱུགས་ལུག་གི་འཕེལ་ཁ་དར་ནས། །
འབྲོག་ལས་ཀྱི་ཐོན་སྐྱེད་ཁྲོད་དུ། །ཤ་མར་གྱི་གཏེར་ཁ་བརྡོལ་སོང་། །
༼ཆ་གཉིས་ཡ་ཆ།༽
རྒྱ་ཞིང་རེའུ་མིག་གི་ནང་དུ། །ལོ་ལེགས་རྦ་རླབས་བཞིན་འཕྱོ་བ། །
ཞིང་ལས་ཡར་ཐོན་གྱི་ཡོང་འབབ། །འབྲུ་རིགས་སྦྲང་ཆར་བཞིན་སོང་། །

ཚེག་བར་བརྒྱད།
༼ཆ་བཞི།༽
ལྷོ་རྒྱུད་སྤོ་བོ་རོང་ནས་གྱར་བའི། །ཐེའུ་རང་ཐ་ཆུང་ཨུ་བེ་ར་དེ། །
བཙན་ཐང་སྒོ་བཞིའི་མདུན་དུ་ལྷག་ཚེ། །གཉའ་བའི་ཁྲི་ལ་མ་མངའ་གསོལ་བྱས་ཡོད། །
༼ཡ་ཆ་ཡ་ཆ་ཆ།༽
འབྲོག་རྩ་ཐང་ནས་ཚར་བའི་བུ་ཆུང་། །དམའ་གྲོང་ཁྱེར་ནས་མགོ་བོ་འཁོར་སོང་། །
སྨད་གྲོང་ཁྱེར་ནས་ལོངས་བའི་བུ་མོ། །གནའི་གོམས་སྲོལ་ལ་ཞེ་མེར་ལང་སོང་། །

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག