——ཁྱུང་རིག་འཛིན།
རི་དྭཌ་གཟན་ལ་གཡེངས་བའི་རི་ཁུག་རེར།།
ཤ་ཁྱི་རོལ་དུ་ཁྲིད་པའི་རྔོན་པ་རེ།།
མིག་ཟུང་དད་པས་ཟུམ་པའི་སྤྱི་ཚོཌ་རེར།།
ཆོས་གཟུགས་སྣ་ཚོཌ་སྟོན་པའི་བླ་མ་རེ།།
འདི་ཡང་འཇིག་རྟེན་འཁོར་བའི་ཆོས་ཉིད་དེ།།
བླ་མ་མེད་ན་སྦྱིན་བདག་འོངས་དོན་མེད།།
སྦྱིན་བདག་མེད་ན་དགོན་པ་བཞེངས་དོན་མེད།།
དགོན་པ་མེད་ན་གྲྭ་ཆུང་བསྡུ་དོན་དོན་མེད།།
ཕྱི་རྒྱལ་སྦྱིན་བདག་མིང་དང་ཐོབ་ལ་དགའ། །
བླ་མ་རྣམ་པ་དངུལ་དང་རྒྱ་ལ་དགའ།།
ཧི་མ་ལའི་རིགས་རིན་མེད་སློབ་གྲྭར་དགའ།།
དགའ་བ་གསུམ་གྱིས་བཙུཌ་པའི་དགོན་ཞིག་ཏུ།།
ཨ་མའི་པང་ནས་འོ་ཐག་མ་ཆོད་གོང་།།
བུ་ཆུང་ཞིག་ལ་སྡུག་གི་བཙུན་ཁྲལ་ཕོག།
དགེ་བསྐོས་བཙན་པོས་དབྱུག་པས་དེད་ཉིན་མོ།།
ཨ་མ་ཟེར་ཞིང་སྡུག་ཡུས་འདོན་ས་མེད།།
གྲྭ་རྒོད་བརྒྱ་ཡིས་གྲྭ་རྟ་ཞོན་་ཉིན་མོ།།
ཨ་ཕ་ཟེར་ནས་ངུ་སྐད་སྒྲོགས་ས་མེད།།
ཚབས་ཆེན་ནད་ཀྱིས་ཉལ་སར་ལྷུང་ཉིན་མོ།།
ཨ་མའི་ཟེར་ཞིང་སྨན་ཆུ་སྟེར་མཁན་མེད།།
ཞི་ཚུལ་དགྲ་བཅོམ་ལྟ་བུའི་གྲྭ་རྒན་ཚོས།།
བསམ་མེད་བུ་ཆུང་བྲན་དུ་བཀོལ་བར་བྱེད།།
ཉན་ན་སྙན་སྙན་དགེ་རྒན་དམ་པ་ལགས།།
བསམ་ན་སྐྱོ་སྐྱོ་བྲན་གཡོག་འཁྲུལ་མེད་ཅིག།
ཕ་མས་གསུངས་ན་ཁྱེད་རང་བསོད་ནམས་ཆེ།།
མཚན་ལྡན་བླ་མས་བྱམས་ཀྱིས་བསྐྱངས་སོ་ཟེར།།
དོན་ལྡན་དགེ་བའི་ལས་ལ་ཞུགས་སོང་ཟེར།།
སྡུག་གི་འཁོར་བ་འདི་ནས་ཐར་སོང་ཟེར།།
ཕ་མ་ཅི་ཁག་དད་པས་བཟི་ནས་ཡོད།།
དགོན་པ་ཅི་ཁག་གྲྭ་འབོར་མཁོ་བསྡད་ཡོད།།
བདེ་སྡུག་གང་ཡིན་ང་ཚོས་མ་བཤད་ཀྱང་།།
བུ་ཆུང་སེམས་ལ་རི་མོ་བསྐོས་བཞག་ཡོད།།
དེ་འདྲ་དེ་བཞིན་ལོ་མང་སོང་བའི་རྗེས།།
དགོན་པའི་འཚོ་བ་དེ་ལའང་ཇེ་གོམས་སོང་།།
རང་ཡང་གྲྭ་རྒོད་ཁྲོད་ཀྱི་གྱད་ཅིག་གྱུར།།
དྲིན་ཅན་ཕ་མའི་བརྩེ་ཞལ་བརྗེད་ལ་ཉེ།།
ཀྱེ་མ་ཀྱེ་ཧུད་འཁོར་བའི་ཆོས་ཉིད་ལ།།
ད་ལོ་ཐག་རིང་རྒྱང་གི་ཕ་ཡུལ་ནས།།
ཨ་མ་བུ་ཆུང་འཚོལ་བར་འོངས་པའི་དུས།།
བུ་ཡི་སེམས་པ་རྡོ་རུ་གྱུར་འདུག་ཟེར།།
བུ་ཡི་སྤྱོད་ཚུལ་བདག་གིས་མ་མཐོང་མོད།།
ཨ་མའི་མིག་ཆུས་བྲང་ཁ་བརླན་པའི་ཚུལ།།
ཡ་ཀི་སངས་རྒྱས་སྤྱན་གྱིས་གཟིགས་ས་ཡོད།།
མར་ཀི་རྒྱ་ལམ་འགྲུལ་པས་མཐོང་ས་ཡོད།།
འོན་ཏེ་དགོན་བདག་བླ་མས་མ་གཟིགས་ཐལ།།
ཨ་མས་བུ་ཆུང་གཞིས་སྐོར་འཁྲིད་འདོད་ཀྱང་།།
བླ་མས་རྒྱབ་ནས་ཤབ་ཤུབ་བཤད་དོན་ལ།།
རྗེས་མ་ཚུར་ལ་མངག་གི་མ་རེད་གསུངས།།
ཨ་མའི་བརྩེ་དུང་འཆི་མ་ཐིགས་པ་རེར།།
སྟོང་གསུམ་གསེར་གྱིས་བཀང་ཡང་མི་མཚོན་མོད།།
བླ་མའི་ཐུགས་སུ་ཐེ་ཚོམ་གདོན་ཞུགས་ཏེ།།
རིང་ཐང་དེ་ཡང་ཐུགས་ལ་མ་ཤར་ཐལ།།
མདོར་ན་འཇིག་རྟེན་ཕ་མ་ཡོད་ཚད་ཀུན།།
བློ་གྲོས་ཕུལ་དུ་བྱུང་བ་མ་ཡིན་སྟབས།།
ལན་རེ་མདུན་ལམ་ལོག་པ་སྟོན་སྲིད་ཀྱང་།།
ལྷག་བསམ་དུང་ལས་དཀར་བ་ཤེས་དགོས་བུ།།
༢༠༡༦/༠༡/༢༥
རི་དྭཌ་གཟན་ལ་གཡེངས་བའི་རི་ཁུག་རེར།།
ཤ་ཁྱི་རོལ་དུ་ཁྲིད་པའི་རྔོན་པ་རེ།།
མིག་ཟུང་དད་པས་ཟུམ་པའི་སྤྱི་ཚོཌ་རེར།།
ཆོས་གཟུགས་སྣ་ཚོཌ་སྟོན་པའི་བླ་མ་རེ།།
འདི་ཡང་འཇིག་རྟེན་འཁོར་བའི་ཆོས་ཉིད་དེ།།
བླ་མ་མེད་ན་སྦྱིན་བདག་འོངས་དོན་མེད།།
སྦྱིན་བདག་མེད་ན་དགོན་པ་བཞེངས་དོན་མེད།།
དགོན་པ་མེད་ན་གྲྭ་ཆུང་བསྡུ་དོན་དོན་མེད།།
ཕྱི་རྒྱལ་སྦྱིན་བདག་མིང་དང་ཐོབ་ལ་དགའ། །
བླ་མ་རྣམ་པ་དངུལ་དང་རྒྱ་ལ་དགའ།།
ཧི་མ་ལའི་རིགས་རིན་མེད་སློབ་གྲྭར་དགའ།།
དགའ་བ་གསུམ་གྱིས་བཙུཌ་པའི་དགོན་ཞིག་ཏུ།།
ཨ་མའི་པང་ནས་འོ་ཐག་མ་ཆོད་གོང་།།
བུ་ཆུང་ཞིག་ལ་སྡུག་གི་བཙུན་ཁྲལ་ཕོག།
དགེ་བསྐོས་བཙན་པོས་དབྱུག་པས་དེད་ཉིན་མོ།།
ཨ་མ་ཟེར་ཞིང་སྡུག་ཡུས་འདོན་ས་མེད།།
གྲྭ་རྒོད་བརྒྱ་ཡིས་གྲྭ་རྟ་ཞོན་་ཉིན་མོ།།
ཨ་ཕ་ཟེར་ནས་ངུ་སྐད་སྒྲོགས་ས་མེད།།
ཚབས་ཆེན་ནད་ཀྱིས་ཉལ་སར་ལྷུང་ཉིན་མོ།།
ཨ་མའི་ཟེར་ཞིང་སྨན་ཆུ་སྟེར་མཁན་མེད།།
ཞི་ཚུལ་དགྲ་བཅོམ་ལྟ་བུའི་གྲྭ་རྒན་ཚོས།།
བསམ་མེད་བུ་ཆུང་བྲན་དུ་བཀོལ་བར་བྱེད།།
ཉན་ན་སྙན་སྙན་དགེ་རྒན་དམ་པ་ལགས།།
བསམ་ན་སྐྱོ་སྐྱོ་བྲན་གཡོག་འཁྲུལ་མེད་ཅིག།
ཕ་མས་གསུངས་ན་ཁྱེད་རང་བསོད་ནམས་ཆེ།།
མཚན་ལྡན་བླ་མས་བྱམས་ཀྱིས་བསྐྱངས་སོ་ཟེར།།
དོན་ལྡན་དགེ་བའི་ལས་ལ་ཞུགས་སོང་ཟེར།།
སྡུག་གི་འཁོར་བ་འདི་ནས་ཐར་སོང་ཟེར།།
ཕ་མ་ཅི་ཁག་དད་པས་བཟི་ནས་ཡོད།།
དགོན་པ་ཅི་ཁག་གྲྭ་འབོར་མཁོ་བསྡད་ཡོད།།
བདེ་སྡུག་གང་ཡིན་ང་ཚོས་མ་བཤད་ཀྱང་།།
བུ་ཆུང་སེམས་ལ་རི་མོ་བསྐོས་བཞག་ཡོད།།
དེ་འདྲ་དེ་བཞིན་ལོ་མང་སོང་བའི་རྗེས།།
དགོན་པའི་འཚོ་བ་དེ་ལའང་ཇེ་གོམས་སོང་།།
རང་ཡང་གྲྭ་རྒོད་ཁྲོད་ཀྱི་གྱད་ཅིག་གྱུར།།
དྲིན་ཅན་ཕ་མའི་བརྩེ་ཞལ་བརྗེད་ལ་ཉེ།།
ཀྱེ་མ་ཀྱེ་ཧུད་འཁོར་བའི་ཆོས་ཉིད་ལ།།
ད་ལོ་ཐག་རིང་རྒྱང་གི་ཕ་ཡུལ་ནས།།
ཨ་མ་བུ་ཆུང་འཚོལ་བར་འོངས་པའི་དུས།།
བུ་ཡི་སེམས་པ་རྡོ་རུ་གྱུར་འདུག་ཟེར།།
བུ་ཡི་སྤྱོད་ཚུལ་བདག་གིས་མ་མཐོང་མོད།།
ཨ་མའི་མིག་ཆུས་བྲང་ཁ་བརླན་པའི་ཚུལ།།
ཡ་ཀི་སངས་རྒྱས་སྤྱན་གྱིས་གཟིགས་ས་ཡོད།།
མར་ཀི་རྒྱ་ལམ་འགྲུལ་པས་མཐོང་ས་ཡོད།།
འོན་ཏེ་དགོན་བདག་བླ་མས་མ་གཟིགས་ཐལ།།
ཨ་མས་བུ་ཆུང་གཞིས་སྐོར་འཁྲིད་འདོད་ཀྱང་།།
བླ་མས་རྒྱབ་ནས་ཤབ་ཤུབ་བཤད་དོན་ལ།།
རྗེས་མ་ཚུར་ལ་མངག་གི་མ་རེད་གསུངས།།
ཨ་མའི་བརྩེ་དུང་འཆི་མ་ཐིགས་པ་རེར།།
སྟོང་གསུམ་གསེར་གྱིས་བཀང་ཡང་མི་མཚོན་མོད།།
བླ་མའི་ཐུགས་སུ་ཐེ་ཚོམ་གདོན་ཞུགས་ཏེ།།
རིང་ཐང་དེ་ཡང་ཐུགས་ལ་མ་ཤར་ཐལ།།
མདོར་ན་འཇིག་རྟེན་ཕ་མ་ཡོད་ཚད་ཀུན།།
བློ་གྲོས་ཕུལ་དུ་བྱུང་བ་མ་ཡིན་སྟབས།།
ལན་རེ་མདུན་ལམ་ལོག་པ་སྟོན་སྲིད་ཀྱང་།།
ལྷག་བསམ་དུང་ལས་དཀར་བ་ཤེས་དགོས་བུ།།
༢༠༡༦/༠༡/༢༥
No comments:
Post a Comment
གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག