ཚ་བས་རྙིད་པའི་ལྗོན་ཤིང་ལ།།
བྱ་ཚོགས་འཁོར་བ་ཇེ་ཉུང་ཉུང་།།
ན་བུན་སྲབ་མོའི་དུད་དྲེག་གིས།།
ནམ་མཁའ་བཞིན་རས་ཇེ་མོག་མོག།
གཞུང་ལམ་སྨུག་པོའི་སྒལ་གཞུང་ལ།།
འཁོར་རིགས་འདྲ་མིན་ཇེ་མང་མང་།།
ཁྲོམ་སའི་ཚོང་ཁང་བཞེངས་ཡག་ནང་།།
ཅ་དངོས་རིན་གོང་ཇེ་མཐོ་མཐོ།།
ལྷོ་གཞིས་བོད་མིའི་ཁ་གྲངས་ནི།།
ལོ་རེ་སོང་བཞིན་ཇེ་ཉུང་ཉུང་།།
གཞི་ལས་ཁང་གི་རྐུབ་སྟེགས་སྟེང།།
སྐུ་ངོའི་ཆེ་ཉམས་ཇེ་བརྗིད་བརྗིད།།
གྲོང་སྤྱིའི་སློབ་གྲྭ་རེ་རེ་ན།།
ཀ་ཁའི་འདོན་དབྱངས་ཇེ་འཇག་འཇག།
ཨ་མའི་པང་གི་བོད་ཕྲུག་རྣམས།།
དབྱིན་ཇིའི་སྒྲ་གདངས་ཇེ་གསལ་གསལ།།
གྲོང་མདོའི་བསིལ་ཡིབས་རེ་རེའི་འོག།།
པ་རའི་ཤོ་སྐད་གསལ་ལྷང་ལྷང་།།
དགོན་མཐའི་མཆོད་རྟེན་སྐོར་ལམ་ན།།
རྒན་གཞོན་དར་གསུམ་འཛོམས་རུག་རུག།
གྲོང་ནང་ཕོ་གསར་འཛོམས་ས་ལ།།
ཤོ་བག་རྒྱན་རྩེད་ཇེ་རྒོད་རྒོད།
གྲོང་རྒྱབ་བོད་པའི་ཞིང་ས་ལ།།
རྒྱ་གར་ཞིང་པ་བྲེལ་འཚུབ་འཚུབ།།
ཆོལ་གསུམ་བོད་མི་ནང་ཁུལ་ལ།།
ཆོས་ཆོལ་འཁྲུག་རྩོད་ཇེ་རྒོད་རྒོད།
ཆོས་ལ་བཏཌ་པའི་ཆབ་སྲིད་དེ།།
བྱ་ཚོགས་འཁོར་བ་ཇེ་ཉུང་ཉུང་།།
ན་བུན་སྲབ་མོའི་དུད་དྲེག་གིས།།
ནམ་མཁའ་བཞིན་རས་ཇེ་མོག་མོག།
གཞུང་ལམ་སྨུག་པོའི་སྒལ་གཞུང་ལ།།
འཁོར་རིགས་འདྲ་མིན་ཇེ་མང་མང་།།
ཁྲོམ་སའི་ཚོང་ཁང་བཞེངས་ཡག་ནང་།།
ཅ་དངོས་རིན་གོང་ཇེ་མཐོ་མཐོ།།
ལྷོ་གཞིས་བོད་མིའི་ཁ་གྲངས་ནི།།
ལོ་རེ་སོང་བཞིན་ཇེ་ཉུང་ཉུང་།།
གཞི་ལས་ཁང་གི་རྐུབ་སྟེགས་སྟེང།།
སྐུ་ངོའི་ཆེ་ཉམས་ཇེ་བརྗིད་བརྗིད།།
གྲོང་སྤྱིའི་སློབ་གྲྭ་རེ་རེ་ན།།
ཀ་ཁའི་འདོན་དབྱངས་ཇེ་འཇག་འཇག།
ཨ་མའི་པང་གི་བོད་ཕྲུག་རྣམས།།
དབྱིན་ཇིའི་སྒྲ་གདངས་ཇེ་གསལ་གསལ།།
གྲོང་མདོའི་བསིལ་ཡིབས་རེ་རེའི་འོག།།
པ་རའི་ཤོ་སྐད་གསལ་ལྷང་ལྷང་།།
དགོན་མཐའི་མཆོད་རྟེན་སྐོར་ལམ་ན།།
རྒན་གཞོན་དར་གསུམ་འཛོམས་རུག་རུག།
གྲོང་ནང་ཕོ་གསར་འཛོམས་ས་ལ།།
ཤོ་བག་རྒྱན་རྩེད་ཇེ་རྒོད་རྒོད།
གྲོང་རྒྱབ་བོད་པའི་ཞིང་ས་ལ།།
རྒྱ་གར་ཞིང་པ་བྲེལ་འཚུབ་འཚུབ།།
ཆོལ་གསུམ་བོད་མི་ནང་ཁུལ་ལ།།
ཆོས་ཆོལ་འཁྲུག་རྩོད་ཇེ་རྒོད་རྒོད།
ཆོས་ལ་བཏཌ་པའི་ཆབ་སྲིད་དེ།།
ཆོས་པའི་རྣ་ལ་ཇེ་སྙན་སྙན།།
བོད་པའི་གྲོང་སྡེ་ཕལ་ཆེར་ལ།།
དགོན་སྡེ་ལྷ་ཁང་ཇེ་མང་མང་།།
དགོན་སྡེ་ནང་གི་གྲྭ་བཙུན་ནི།།
ལོ་རེ་ལོན་བཞིན་ཇེ་ཉུང་ཉུང་།།
དུས་རབས་ཕྱེད་ཀའི་རྨི་ལམ་དེ།།
ད་ཚོད་འདི་ནས་དཀྲོག་ཉེ་ཉེ།།
མི་རབས་རྗེས་མའི་སྣང་བརྙན་ཞིག།
མིག་གི་ངོས་སུ་གསལ་ལྷང་ལྷང་།།
ཡུན་རིང་གཤིབ་པའི་མི་འགའ་རེ།།
ཞག་རེ་སོང་བཞིན་ཇེ་ལོད་ལོད།།
ངོ་གཡར་བྱ་སའི་མི་ཡོད་ན།།
ཟུར་ཟའི་སྦྲུལ་ལྕེ་དམར་ལྷབ་ལྷབ།།
འཁོར་བ་སྤངས་པའི་འཁོར་བ་ནས།།
འཁོར་བ་སྤང་ལ་ཇེ་དགའ་དགའ།།
འབབ་ཆུ་ཡོད་སའི་བྲག་སྐྱིབས་ཤིག།།
བསམ་པའི་གཏིང་ནས་ཇེ་དྲན་དྲན།།
བོད་པའི་གྲོང་སྡེ་ཕལ་ཆེར་ལ།།
དགོན་སྡེ་ལྷ་ཁང་ཇེ་མང་མང་།།
དགོན་སྡེ་ནང་གི་གྲྭ་བཙུན་ནི།།
ལོ་རེ་ལོན་བཞིན་ཇེ་ཉུང་ཉུང་།།
དུས་རབས་ཕྱེད་ཀའི་རྨི་ལམ་དེ།།
ད་ཚོད་འདི་ནས་དཀྲོག་ཉེ་ཉེ།།
མི་རབས་རྗེས་མའི་སྣང་བརྙན་ཞིག།
མིག་གི་ངོས་སུ་གསལ་ལྷང་ལྷང་།།
ཡུན་རིང་གཤིབ་པའི་མི་འགའ་རེ།།
ཞག་རེ་སོང་བཞིན་ཇེ་ལོད་ལོད།།
ངོ་གཡར་བྱ་སའི་མི་ཡོད་ན།།
ཟུར་ཟའི་སྦྲུལ་ལྕེ་དམར་ལྷབ་ལྷབ།།
འཁོར་བ་སྤངས་པའི་འཁོར་བ་ནས།།
འཁོར་བ་སྤང་ལ་ཇེ་དགའ་དགའ།།
འབབ་ཆུ་ཡོད་སའི་བྲག་སྐྱིབས་ཤིག།།
བསམ་པའི་གཏིང་ནས་ཇེ་དྲན་དྲན།།
No comments:
Post a Comment
གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག