2025/05/28

ཧན་ཀང་། Han Kang

 མཁན་པོ་ཨོ་རྒྱན་རིག་འཛིན་གྱིས་བརྩམས།

ཧན་ཀང་ (한강; ༡༩༧༠ ལོའི་ཟླ་ ༡༡ ཚེས་ ༢༧ ཉིན་སྐྱེས།) ནི་ལྷོ་ཀོ་རི་ཡའི་རྩོམ་པ་པོ་ཞིག་ཡིན་ཞིང་། མོས་བྲིས་པའི་བརྩམས་པའི་སྒྲུང་«དཀར་སྐྱོང་བ་» (The Vegetarian) ཞེས་པ་དེ་གྲགས་ཆེ་ཤོས་དེ་ཡིན་ལ། དེའི་ནང་དོན་གཙོ་བོ་ནི་བུད་མེད་ཅིག་གི་སེམས་ཁམས་ནད་གཞི་དང་། མོའི་ནང་མི་ཚོས་སྣང་མེད་དུ་སྐྱུར་པའི་སྐོར་ལ་འཚོལ་ཞིབ་བྱས་པའི་རྩོམ་ཡིག་ཅིག་ཡིན་པ་རེད། 2016 ལོར་མོས་བརྩམས་པའི་ཁོ་རེ་ཡའི་སྐད་ཡིག་གི་བརྩམས་སྒྲུང་དེ་རྒྱལ་སྤྱིའི་བུཀ་ཀར་ (International Booker Prize) གྱི་བརྩམས་སྒྲུང་བྱ་དགའ་ཐོབ་མཁན་ཐོག་མར་གྱུར་ཡོད་པ་དང་། ༢༠༢༤ ལོར་ཧན་ཀང་ནི་ནོ་བེལ་རྩོམ་རིག་བྱ་དགའ་ཐོབ་ཐོབ་ཡོད་ཅིང་། དེ་ནི་ལྷོ་ཀོ་རི་ཡ་དང་ཨེ་ཤེ་ཡའི་བུད་མེད་རྩོམ་པ་པོ་གཅིག་གིས་ནོ་བེལ་རྩོམ་རིག་བྱ་དགའ་ཐོབ་མཁན་ཐོག་མ་དེ་ཆགས་ཡོད།

ལོ་ཆུང་སྐབས་འཚོ་བ་དང་སློབ་གསོ།

ལྕམ་ཧན་ཀང་ནི་སྒྲུང་གཏམ་པ་ཧན་སེའུང་ཝོན་ (Han Seung-won) གྱི་བུ་མོ་ཡིན། ༡༩༧༠ ལོའི་ཟླ་ ༡༡ ཚེས་ ༢༧  ཉིན་གྭང་ཇུ་ (Gwangju) རུ་སྐྱེས་ཤིང་དེ་ནས་ལོ་ན་གཞོན་པའི་སྐབས་སུ་ཡུ་རི་(Suyu-ri, Seoul) ས་གནས་ལ་གནས་སྤོ་བྱས། ཁོང་མོའི་མིང་འདི་"ཧན་གཙང་པོ་"ལ་བརྟེན་ནས་བཏགས་པ་ཡིན་འདུག[] སྤྱིར་ཁོང་མོའི་ཁྱིམ་ཚང་ནི་རྩོམ་རིག་གི་རྒྱབ་ལྗོངས་ལྡན་པ་ཞིག་སྟེ། མོའི་ཨ་ཕ་ཧན་སེའུང་ཝོན་དང་། གཅེན་པོ་ཧན་ཏོང་རིམ། (Han Dong-rim) གཅུང་པོ་ཧན་ཀང་ཨིན་ (Han Kang-in) གསུམ་ཀ་སྒྲུང་གཏམ་རྩོམ་པ་པོ་དང་། མ་ཟད་གཅུང་པོ་དེ་འགུལ་རིས་སྒྱུ་རྩལ་པ་ཞིག་ཀྱང་ཡིན་པར་གྲགས།[] དེ་སྐབས་ཁོ་མོའི་ཨ་ཕ་ཧན་སེའུང་ཝོན་རྩོམ་པ་པོའི་ལས་རིགས་ཐོག་འཚོ་བ་སྐྱེལ་རྒྱུར་དཀའ་ངལ་འཕྲད་ཅིང་དེས་ཁོང་གི་ནང་མིར་གནོད་སྐྱོན་གང་ཆེ་བཟོས། རྗེས་སུ་ཧན་གྱིས་མོ་རང་བྱིས་པའི་དུས་སྐབས་ཀྱི་གནས་ཚུལ་དེ་“བྱིས་པ་ཆུང་ཆུང་ཞིག་ལ་དཀའ་སྡུག་ཧ་ཅང་ལྕི་དྲགས་པ་”ཞིག་བྱུང་ཚུལ་བཤད་ཡོད། འོན་ཀྱང་དཔེ་དེབ་ཀྱིས་བསྐོར་བའི་ཁོར་ཡུག་དེས་མོ་ལ་སེམས་གསོ་གང་ལེགས་བྱུང་། གང་ལྟར་ཧན་གྱིས་ཡོན་སཱི་གཙུག་ལག་སློབ་གྲྭ་ཆེན་མོ་ (Yonsei University) ནས་ཀོ་རི་ཡའི་རྩོམ་རིག་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༩༨ ལོར་ཁོང་མོ་ལོ་ཝ་གཙུག་ལག་སློབ་གྲྭ་ཆེན་མོའི་ (University of Iowa International) རྒྱལ་སྤྱིའི་རྩོམ་འབྲི་ལས་རིམ་དུ་འཛུལ་ཞུགས་བྱས།

བྱ་གཞག་ལས་རིགས།

ཧན་གྱི་རྩོམ་རིག་གི་འཕེལ་ཕྱོགས་ནི་ཁོ་མོའི་སྙན་ངག་ཁག་ལྔ་ནས་མགོ་ཚུགས་པ་སྟེ། དང་པོ་«སཽལ་གྱི་དགུན་ཁ་» (The Winter in Soul) ཞེས་པ་དེ་ཡིན་ཞིང་དེ་ནི་ ༡༩༩༣ ལོའི་དགུན་དུས་ཟླ་བ་གསུམ་རེའི་དུས་དེབ་«རྩོམ་རིག་དང་སྤྱི་ཚོགས་»ཞེས་པའི་ནང་ཚུད་པ་ནས་བཟུང་འགོ་བཙུགས་ཡོད་པ་རེད། གཉིས་པ། ལོ་དེའི་རྗེས་མར་ཁོ་མོའི་སྒྲུང་ཐུང་«གཏིང་རྡོ་དམར་པོ་»(The Scarlet Anchor) ཞེས་པ་དེ་སཽལ་«ཤིན་མུན་གྱི་དཔྱིད་ཀའི་རྩོམ་རིག་འགྲན་བསྡུར་»ཁྲོད་རྒྱལ་ཁ་ཐོབ་སྟེ་དུབ་དེབ་ཏུ་ཐོག་མར་བཏོན། དེ་བཞིན་མོའི་སྒྲུང་རིང་ཕྱོགས་སྒྲིག་ཐོག་མ་«ཡེའོ་སུ་ཡི་བརྩེ་བ་»ཞེས་པ་དེ་ ༡༩༩༥ ལོར་པར་སྐྲུན་བྱས།[]

༢༠༠༧ ལོར་ཧན་གྱིས་«གླུ་ཞིག་དལ་ལྷོད་ཀྱིས་ལེན་»ཞེས་པའི་དེབ་ཅིག་པར་སྐྲུན་བྱས་ཡོད་ལ། དེ་ལ་རོལ་དབྱངས་ཆེད་སྒྲིག་གཅིག་དང་མཉམ་འབྲེལ་བྱས་ཡོད། དེར་བརྟེན་ཐོག་མར་མོས་གཞས་གཏོང་འདོད་མེད་ཀྱང་རོལ་དབྱངས་མཁས་ཅན་དང་རོལ་དབྱངས་འགན་འཛིན་ཧན་ཇུང་རིམ་(Han Jung Rim) གྱིས་ཧན་ཀང་གི་གཞས་དེ་དག་རང་ཉིད་ཀྱིས་སྒྲ་འཇུག་བྱེད་དགོས་པའི་ནན་བཤད་བྱས།[]

ཧན་གྱིས་མཐོ་སློབ་འགྲིམ་སྐབས་ཀོ་རི་ཡའི་དེང་རབས་རིང་ལུགས་ཀྱི་སྙན་ངག་པ་ཡི་སང་ (Yi Sang) གི་སྙན་ངག་ནང་གི་“ངས་མི་རྣམས་རྩི་ཤིང་ཡིན་དགོས་པར་ཡིད་ཆེས་ཡོད།” ཅེས་པའི་ཡིག་ཕྲེང་གཅིག་པོ་དེས་ཡིད་དབང་འཕྲོག་པར་གྱུར།[] གོ་གསལ་ཚིག་ཕྲེང་དེ་ཉིད་ཀྱིས་ཀོ་རི་ཡ་ཉི་ཧོང་གི་བཙན་འཛུལ་གྱི་དབང་འོག་ཏུ་གནས་པའི་སྐབས་དྲག་གནོན་ལ་འགོག་སྲུང་བྱས་པའི་ལོ་རྒྱུས་ཀྱི་གནས་བབ་མཚོན་པར་བྱས་ཡོད་པ་མོས་ཤེས་རྟོགས་བྱུང་ཡོད་ཅིང་། དེ་ལ་བརྟེན་ནས་ཁོ་མོའི་གྲུབ་འབྲས་ཆེ་ཤོས་ཀྱི་བརྩམས་ཆོས་«དཀར་སྐྱོང་བ་»ཞེས་པ་དེ་འབྲི་བར་སེམས་ཤུགས་འཕར་མ་ཞིག་སྐྱེས་ཡོད་པར་བཤད།

མོའི་རྩོམ་ཡིག་གཉིས་པ་«སོག་པོ་རྟགས་ཅན་»གི་སྟོད་ཆར་“ཡི་སང་རྩོམ་རིག་བྱ་དགའ་” (Yi Sang Literary Award) ཐོབ་ཡོད་ལ། རྩོམ་ལྷག་མ་«དཀར་སྐྱོང་བ་»དང་«མེ་ཤིང་»གཉིས་གན་རྒྱའི་དཀའ་ངལ་གྱིས་པར་སྐྲུན་ཕྱིར་འགྱངས་ཤོར།[]

«དཀར་སྐྱོང་བ་»ནི་ཧན་གྱི་དབྱིན་ཡིག་ཏུ་བསྒྱུར་བའི་བརྩམས་སྒྲུང་ཐོག་མ་དེ་ཡིན་ལ། སྐུ་ཞབས་དེ་བོ་རཱ་་སི་མི་ཐི་ (Deborah Smith) ཡིས་ཡིག་སྒྱུར་བྱས་ཏེ་ཁོ་མོ་འཛམ་གླིང་ཡོངས་ཀྱི་དོ་སྣང་བྱ་ཡུལ་ཆགས་ཟིན།[] འགྱུར་རྩོམ་དེ་ལ་བརྟེན་ནས་ཧན་དང་སི་མི་ཐི་གཉིས་ཀར་ ༢༠༡༦ ལོའི་རྒྱལ་སྤྱིའི་བུག་ཀར་གཟེངས་རྟགས་ (International Booker Prize 2016) ཐོབ་ཡོད་ཅིང་། ཧན་ནི་བྱ་དགའ་འདིའི་ཆེད་དུ་འདེམས་སྒྲུག་བྱུང་བའི་ཀོ་རི་ཡ་པ་དང་པོ་དེ་ཡིན་པ་དང༌། ཁོང་གཉིས་ཀྱི་དབྱིན་འགྱུར་དེ་ནི་རྒྱལ་སྤྱིའི་བྷུ་ཀར་བྱ་དགའ་ཐོབ་པའི་ཀོ་རི་ཡའི་སྐད་ཡིག་གི་བརྩམས་སྒྲུང་དང་པོ་དེ་ཆགས་ཡོད།[][][༡༠][༡༡] «དཀར་སྐྱོང་བ་»ནི་ནིའུ་ཡོག་ཊཡིམ་སི་དཔེ་དེབ་བསྐྱར་ཞིབ་ (New York times Book Review) སྡེ་ཚན་དུ་སྤྱི་ལོ་ ༢༠༡༦ ལོའི་“དཔེ་དེབ་ལེགས་ཤོས་བཅུ་”ཡི་གྲས་སུ་འདེམས་སྒྲུག་བྱུང་ཡོད།[༡༢] འོན་ཏེ་ཆེད་མཁས་པ་ཚོས་འགྱུར་རྩོམ་དེའི་ནང་ནོར་འཁྲུལ་བྱུང་བ་ཤེས་རྟོགས་བྱུང་སྟེ་དགག་རྩོམ་འགའ་ཤས་བྱུང་ཡོད་ལ། དེ་ཡང་སི་མི་ཐི་ལ་ཀོ་རི་ཡའི་སྐད་ཡིག་དང་རིག་གཞུང་གི་གོ་རྟོགས་མེད་པ་ལས་བྱུང་བའི་གཞི་རྩའི་ནོར་འཁྲུལ་དང༌། ཧན་གྱི་ཀོ་རི་ཡའི་མ་ཡིག་དངོས་ཀྱི་ནང་དོན་འགའ་རེ་ལསི་མི་ཐིས་བརྗོད་སྟངས་བསྒྱུར་བཅོས་བཏང་བ་བཅས་ལ་བརྟེན་ནས་བྱུང་བར་བཤད།[༡༣]

སྤྱི་ལོ་ ༢༠༡༦ ལོའི་ཟླ་ ༡ པོར་ཧན་གྱི་བརྩམས་སྒྲུང་«མིའི་བྱ་སྤྱོད་»ཅེས་པ་དེ་པོར་ཏོ་བྷེལ་ལོ་དཔེ་དེབ་ཁང་ (Portobello Books) གིས་འགྲེམ་སྤེལ་བྱས།[༡༤][༡༥] ༢༠༡༧ ཟླ་ ༡༠ ཚེས་ ༡ ཉིན་ཧན་ལ་«མིའི་བྱ་སྤྱོད་» (Atti Umani) ཅེས་པ་དེ་ཨི་ཊ་ལིའི་སྐད་ཡིག་ཐོག་ཨ་དེལ་ཕི་་ཨི་ཌི་ཛི་ཡོ་ནི་ (Adelphi Edizioni) ཞེས་པས་བསྒྱུར་ཅིང་། འགྱུར་རྩོམ་དེར་པི་རེ་མི་ཡོ་་མ་ལ་པར་ཏེ་(Premio Malaparte)ཞེས་པའི་བྱ་དགའ་ཐོབ་ཡོད།[༡༦][༡༧]

ཡང་ཧན་གྱི་སྒྲུང་རིང་གསུམ་པ་«དེབ་དཀར་པོ་»ཡང་ ༢༠༡༨ ལོའི་“རྒྱལ་སྤྱིའི་དེབ་ཀྱི་རིན་ཐང་”ཞེས་པའི་བྱ་དགའ་ཐོབ་མཁན་གྱི་ཐོ་གཞུང་ནང་ཚུད་ཡོད།[༡༨] འདི་ནི་མོའི་རང་རྣམ་དང་འབྲེལ་བའི་རྩོམ་ཡིག་ཅིག་སྟེ། དེར་ཁོང་མོའི་གཅེན་མོ་ཞིག་སྐྱེས་རྗེས་ཆུ་ཚོད་གཉིས་ཀྱི་རྗེས་སུ་འདས་གྲོངས་སུ་གྱུར་པའི་སྐོར་ལ་གཙོར་བཟུང་སྟེ་བཤད་ཡོད།[༡༩]

སྤྱི་ལོ་ ༢༠༢༡ ལོར་ཧན་གྱི་སྒྲུང་རིང་«ང་ཚོ་ཁ་མི་འབྲལ་»ཞེས་པ་དེ་པར་སྐྲུན་བྱས། དེའི་བརྗོད་གཙོ་བོ་ནི་རྩོམ་པ་པོ་ཞིག་གིས་ཕྱི་ལོ ༡༩༤༨ ནས ༡༩༤༩ བར་གྱི་ཇེ་ཇུ་གླིང་ཕྲན་གྱི་གྱེན་ལངས་ (Jeju uprising) དང་། དེས་རང་གི་གྲོགས་པོའི་ཁྱིམ་མི་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་མིན་ལ་ཞིབ་འཇུག་བྱས་པའི་སྒྲུང་ཞིག་ཡིན། སྤྱི་ལོ་ ༢༠༢༣ ལོར་བརྩམས་སྒྲུང་དེ་ཧྥ་རན་སིའི་སྐད་དུ་བསྒྱུར་ཅིང་། འགྱུར་རྩོམ་དེ་ལ་པི་རིཀ་སི་་མེ་ཌི་སི་སི་་ཨེ་ཏྲན་ཇར་ (Prix Médicis Étranger) ཞེས་པའི་གཟེངས་རྟགས་ཀྱང་ཐོབ།[༢༠]

སྤྱི་ལོ་ ༢༠༢༣ ལོར་ཧན་གྱི་སྒྲུང་རིང་ཆ་ཚང་བཞི་པ་«གྷི་རིག་གི་སློབ་ཚན་»ཞེས་པ་དེ་དབྱིན་ཡིག་ཏུ་དེ་བོ་རཱ་སི་མི་ཐི་(Deborah Smith)་དང་ཨི་ཡའེ་ཝོན་(E Yaewon)གཉིས་ཀྱིས་བསྒྱུར་ཡོད། ཨ་རིའི་དུས་དེབ་ཨེ་ཊ་ལན་ཊིག་(The Atlantic) ཞེས་པས་སྒྲུང་དེབ་དེར་“ངོ་མཚར་བ་དང་འཇིགས་སུ་རུང་བ་གཉིས་འདྲ་མཚུངས་སུ་ཡོད་པ་ནི་མི་རྣམས་ཀྱི་དགོས་མཁོ་ལ་མི་འདང་བ་དང་། དུས་མཚུངས་སུ་འདུལ་དཀའ་བའི་དབང་ཤུགས་ཆེན་པོ་ཞིག་ཡིན་པ་ནི། དངོས་གནས་དྲང་གནས་རང་གི་གཤིས་ཀ་ཐུན་མོང་མ་ཡིན་པ་ཞིག་དང་། གདོང་ལེན་བྱེད་དགོས་པའི་ནུས་པ་ཞིག་ཏུ་གྱུར་འདུག།” ཅེས་བཤད་ཡོད།[༢༡]

མི་སྒེར་གྱི་འཚོ་བ།

ཧན་ནི་སྔོན་མར་རྩོམ་རིག་དཔྱད་བརྗོད་པ་དང་ཀྱུང་ཧི་དྲྭ་བའི་སློབ་གྲྭ་ཆེན་མོའི་(Kyung Hee Cyber University)དགེ་རྒན་ཆེན་མོ་ཧོང་ཡོང་ཧི་དང་གཉེན་སྒྲིག་བྱས།[༢༢][༢༣] འོན་ཀྱང་ཁོ་གཉིས་ལོ་མང་པོའི་སྔོན་ནས་ཁ་བྲལ་ཟིན་པའི་སྐོར་སྤྱི་ལོ་ ༢༠༢༤ ལོར་ཧན་གྱིས་གསལ་བཤད་བྱས་ཡོད།[༢༤] ཧན་ལ་བུ་ཞིག་ཡོད་པ་དང༌། སྤྱི་ལོ་ ༢༠༡༨ ནས་བཟུང་ཁོང་གཉིས་ཀྱིས་མཉམ་དུ་སཽལ་དུ་དཔེ་མཛོད་ཁང་ཞིག་བདག་སྐྱོང་བྱེད་བཞིན་ཡོད་པར་བཤད།[༢༥] གཞན་ཡང་ཧན་གྱིས་ཁོང་ལ་དུས་ནས་དུས་སུ་མགོ་ན་བའི་ན་ཚ་ཡོད་པ་དང༌། ན་ཚ་དེས་“ཁོང་མོར་ཉམས་ཆུང་བའི་རང་བཞིན་ཅན་དུ་ཡོང་འཇུག་གིན་ཡོད་”ཅེས་བརྗོད་ཡོད།[༢༦]

གཟེངས་བསྟོད་དང་གཟེངས་རྟགས།

ཕྱི་ལོ་ ༡༩༩༩ ཁོ་མོའི་སྒྲུང་རྩོམ་«བྱིས་པ་སངས་རྒྱས་»ལ་ཀོ་རི་ཡའི་སྒྲུང་རྩོམ་བྱ་དགའ་ཐེངས་ཉེར་ལྔ་པ་ཐོབ། ཕྱི་ལོ་ ༢༠༠༠ ལོར་ཀོ་རི་ཡའི་རིག་གཞུང་ལྷན་ཁང་ (Korean Ministry of Culture) ནས་དེང་གི་གཞོན་སྐྱེས་རྩོམ་རིག་གི་བྱ་དགའ་ (Today's Young Artist Award) ཐོབ། སྤྱི་ལོ་ ༢༠༠༥ ལོར། ཁོ་མོའི་སོག་པོའི་རྟགས་ཅན་ཏེ་བརྩམས་སྒྲུང་«དཀར་སྐྱོང་བ་»ཞེས་པའི་ཚན་པ་གཉིས་པ་ལ་ཡི་སང་རྩོམ་རིག་གི་བྱ་དགའ་( Yi Sang Literary Award ) ཐོབ།[༢༧] ཕྱི་ལོ་ ༢༠༡༠ ལོར་«རླུང་གཡོ་བ་»ཞེས་པའི་སྒྲུང་རྩོམ་ལ་དོང་རིའི་རྩོམ་རིག་བྱ་དགའ་ (Dongri Literary Award) ཐོབ།[༢༨] ཕྱི་ལོ་ ༢༠༡༨ ལོར། ཧན་ནི་མ་འོངས་པའི་དཔེ་མཛོད་ལས་འཆར་ (Future Library project) ནང་མཉམ་ཞུགས་བྱེད་མཁན་གྱི་རྩོམ་པ་པོ་ལྔ་པ་དེ་ཆགས་ཡོད། ལས་འཆར་གྱི་གོ་སྒྲིག་པ་ཁེ་ཋི་་པེ་ཋར་སོན་ (Katie Paterson) གྱིས། ཧན་གྱིས་“ང་ཚོའི་འཛམ་གླིང་གི་མཐོང་རྒྱ་ཡངས་པོར་བཟོས་”པས་ཁོ་མོ་འདེམས་པ་ཡིན་ཞེས་གསུངས་ཡོད།[༢༩] ཕྱི་ལོ་ ༢༠༡༩ ཟླ་ ༥ པའི་ནང་ཧན་གྱིས་“བརྩེ་བའི་བུ་གཅེས་”དང་“ངའི་བྱམས་པའི་བུ་”ཞེས་པའི་བརྩམས་ཆོས་དེ་རྩིས་སྤྲོད་བྱས་ཡོད། རྩིས་ལེན་མཛད་སྒོའི་སྐབས་སུ་ཁོ་མོས་རས་དཀར་པོ་ཞིག་ནགས་ཚལ་བརྒྱུད་དེ་དྲུད་ནས་བརྩམས་ཆོས་དེ་རས་དཀར་པོས་དཀྲིས་ཡོད། ཁོ་མོས་འདི་ནི་ཀོ་རི་ཡའི་རིག་གཞུང་ནང་། རས་དཀར་པོ་དེ་བྱིས་པ་གསར་སྐྱེས་དང་མྱ་ངན་གྱི་གྱོན་ཆས་གཉིས་ཀར་བེད་སྤྱོད་བྱེད་པའི་སྲོལ་དང་འབྲེལ་བ་ཡོད་པ་དང་། མཛད་སྒོ་དེ་ནི་“ངའི་བརྩམས་ཆོས་དང་ནགས་ཚལ་འདི་གཉིས་གཉེན་སྒྲིག་ལྟ་བུའམ། ཡང་ན་ལོ་བརྒྱར་གཉིད་ཁུག་པའི་བྱིས་པ་ཞིག་ལ་གཉིད་གླུ་ལེན་པ་ལྟ་བུ་ཞིག་ཡིན་”ཞེས་འགྲེལ་བརྗོད་གནང་ཡོད།[༣༠] ཕྱི་ལོ་ ༢༠༢༣ ལོར་ཧན་ཀང་རྒྱལ་སྤྱིའི་རྒྱལ་རྒྱུད་སྤྱི་ཚོགས་ཀྱི་རྩོམ་རིག་གི་ཚོགས་པའི་རྩོམ་པ་པོ་ (Royal Society of Literature International Writer) རུ་འདེམས་ཐོན་བྱུང་།[༣༡][༣༢] ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༧ པར་ནིའུ་ཡོག་དུས་བབ་ཀྱི་“དུས་རབས་ཉེར་གཅིག་པའི་དེབ་ཡག་ཤོས་བརྒྱ་”ཞེས་པའི་ནང་དུ་«དཀར་སྐྱོང་བ་»དེ་ཨང་ཞེ་དགུ་པར་སླེབས་ཡོད།[༣༣] ༢༠༢༤ ལོར། ཧན་ལ་སི་ཝེ་ཌུ་ཤིའི་ཤེས་ཡོན་ལྷན་ཚོགས་ (Swedish Academy) ནས་ནོ་བེལ་རྩོམ་རིག་གི་གཟེངས་རྟགས་ (Nobel Prize in Literature) ཕུལ། རྒྱུ་མཚན་ནི་“ཁོ་མོའི་སྙན་ངག་ལྷུག་རྩོམ་གྱིས་ལོ་རྒྱུས་ཀྱི་བརྡབ་གསིག་ལ་གདོང་ལེན་བྱས་ཏེ། འགྲོ་བ་མིའི་ཚེ་སྲོག་གི་ཉམ་ཆུང་རང་བཞིན་གསལ་སྟོན་བྱས་ཡོད།”[༣༤][༣༥][༣༦] ཁོ་མོ་ནི་ལྷོ་ཀོ་རེ་ཡའི་རྩོམ་པ་པོ་དང་ཨེ་ཤེ་ཡའི་བུད་མེད་རྩོམ་པ་པོ་ཞིག་ལ་ནོ་སྦེལ་རྩོམ་རིག་གི་གཟེངས་རྟགས་ཐོབ་པའི་མི་སྣ་ཆེས་ཐོག་མར་གྱུར།[༣༧]

བྱ་དགའི་ཐོ།

  • ༡༩༩༩ – «བྱིས་པའི་སངས་རྒྱས་»ལ་ཀོ་རི་ཡའི་སྒྲུང་རིང་བྱ་དགའ་ཐོབ་ཡོད། Korean Novel Award for Baby Buddha[༣༨]
  • ༢༠༠༠ – ཀོ་རི་ཡའི་རིག་གཞུང་ལྷན་ཁང་གི་རྩོམ་རིག་སྡེ་ཚན་ནས་“དེང་གི་ན་གཞོན་སྒྱུ་རྩལ་པ་”ཞེས་པའི་གཟེངས་རྟགས་ཐོབ།[༣༩]
  • ༢༠༠༥ – མོའི་“སོག་པོ་རྟགས་ཅན་”ལ་ཡི་སང་རྩོམ་རིག་གི་བྱ་དགའ་ཐོབ།[༤༠]
  • ༢༠༡༠ – «རླུང་གཡོ་བ་»ཞེས་པའི་སྒྲུང་རྩོམ་ལ་དོང་རིའི་རྩོམ་རིག་བྱ་དགའ་ཐོབ།[༤༡]
  • ༢༠༡༤ – མིའི་རིགས་ཀྱི་བྱ་སྤྱོད་ (Human Acts) ལ་མན་ཧེ་རྩོམ་རིག་བྱ་དགའ་ (Manhae Literary Award) ཐོབ།[༤༢]
  • ༢༠༡༥ – «ཁ་བའི་འདབ་མ་གཅིག་ཞུ་བའི་ཡུན་»ལ་ཧྭང་སུན་ཝོན་རྩོམ་རིག་བྱ་དགའ་ (Hwang Sun-won Literary Award) ཐོབ།[༤༣]
  • ༢༠༡༦ – «དཀར་སྐྱོང་བ་»ལ་རྒྱལ་སྤྱིའི་བུ་ཀར་གཟེངས་རྟགས་ཐོབ།[༤༤]
  • ༢༠༡༧ – «མིའི་བྱ་སྤྱོད་»ལ་མ་ལ་པར་ཏེ་གཟེངས་རྟགས་ (Malaparte Prize) ཐོབ།[༤༥][༤༦]
  • ༢༠༡༨ – «ཕེབས་སྐྱེལ་»ལ་ཀིམ་ཡུ་ཇོང་རྩོམ་རིག་བྱ་དགའ་ (Kim Yu-jeong Literary Award) ཐོབ།[༤༧]
  • ༢༠༡༩– «དཀར་སྐྱོང་བ་»ལ་སན་ཁི་ལི་མེན་ཊི་རྩོམ་རིག་བྱ་དགའ་ (San Clemente Literary Prize) ཐོབ།[༤༨]
  • ༢༠༢༣ – «ང་ཚོ་ཁ་མི་འབྲལ་»ལ་ཕྱི་རྒྱལ་གྱི་མེ་ཌི་ཅི་བྱ་དགའ་ (Prix Médicis Étranger) ཞེས་པའི་གཟེངས་རྟགས་ཀྱང་ཐོབ།[༤༩]
  • ༢༠༢༤:
  1. «ང་ཚོ་ཁ་མི་འབྲལ་»ལ་ཨེ་ཤེ་ཡའི་རྩོམ་རིག་གི་ཨེ་མིལ་གུའི་མེ་ཊི་བྱ་དགའ་(Émile Guimet Prize for Asian Literature)ཐོབ་ཡོད།[༥༠]
  2. ཧོ་ཨམ་སྒྱུ་རྩལ་བྱ་དགའ་ (Ho-Am Prize in the Arts) ཐོབ།[༥༡]
  3. ནོ་སྦེལ་རྩོམ་རིག་བྱ་དགའ་ (Nobel Prize in Literature) ཐོབ།[༥༢][༥༣]
  4. རྟེའུ་ཆུང་གསར་གཏོད་བྱ་དགའ་ (Pony Chung Innovation Award) ཐོབ།[༥༤]

བརྩམས་ཆོས།

བརྩམས་སྒྲུང་།

  • ༡༩༩༥ ཡེ་སུའུ་ཡི་བརྩེ་དུང་། 여수의 사랑 [Love in Yeosu ] (ཀོ་རི་ཡའི་སྐད་ཡིག). Moonji. ISBN 8932007500.
  • ༡༩༩༨ ཤ་བ་ནག་པོ། 검은 사슴 [Black Deer] (ཀོ་རི་ཡའི་སྐད་ཡིག). Munhakdongne. ISBN 8982811338.
  • ༢༠༠༠ ངའི་བུད་མེད་ཀྱི་ཤིང་ཏོག 내 여자의 열매 [My Woman's Fruits] (ཀོ་རི་ཡའི་སྐད་ཡིག). Changbi. ISBN 8936436570.
  • ༢༠༠༢ ཁྱེད་ཀྱི་ལག་པ་གྲང་མོ། 그대의 차가운 손 [Your Cold Hands] (ཀོ་རི་ཡའི་སྐད་ཡིག). Moonji. ISBN 8932013047.
  • ༢༠༠༧ དཀར་སྐྱོང་བ། 채식주의자 [The Vegetarian] (ཀོ་རི་ཡའི་སྐད་ཡིག). Changbi. ISBN 9788936433598.
  • ༢༠༡༠ རླུང་གིས་གཡོ་བ། 바람이 분다, 가라 [The Wind Blows, Go] (ཀོ་རི་ཡའི་སྐད་ཡིག). Moonji. ISBN 9788932020006.
  • ༢༠༡༡ གྷི་རིག་གི་སློབ་ཚན། 희랍어 시간 [Greek Lessons] (ཀོ་རི་ཡའི་སྐད་ཡིག). Munhakdongne. ISBN 9788954616515.
  • ༢༠༡༢ མེ་སྐྱེས་སེར་ཁྲ། 노랑무늬영원 [Fire Salamander] (ཀོ་རི་ཡའི་སྐད་ཡིག). Moonji. ISBN 9788932023533.
  • ༢༠༡༤ བུ་ཞིག་ཡོང་བ། 소년이 온다 [A Boy Comes] (ཀོ་རི་ཡའི་སྐད་ཡིག). Changbi. ISBN 9788936434120
  • ༢༠༡༦ དེབ་དཀར་པོ། (2016).  [White] (ཀོ་རི་ཡའི་སྐད་ཡིག). Nanda. ISBN 9788954640718.
  • ༢༠༢༡ ང་ཚོ་ཁ་འབྲལ། 작별하지 않는다 [We Do Not Part] (ཀོ་རི་ཡའི་སྐད་ཡིག). Munhakdongne. ISBN 9788954682152.

སྐད་ཡིག་གཞན་དུ་བསྒྱུར་བའི་རྩོམ།

  • (2015). དཀར་སྐྱོང་བ། དེ་བོ་རཱ་སྨི་ཐིས་ (Deborah Smith) དབྱིན་སྐད་དུ་བསྒྱུར། London: Portobello Books. ISBN 9781846275623.[༥༥]
  • (2016). དཀར་སྐྱོང་བ། དེ་བོ་རཱ་སྨི་ཐིས་ (Deborah Smith) དབྱིན་སྐད་དུ་བསྒྱུར། London / New York: Hogarth. ISBN 9781101906118.
  • (2023). གྷི་རིག་གི་སློབ་ཚན། དེ་བོ་རཱ་སྨི་ཐིས་དང་ཨེ་མི་ལི་ཡཱ་ཝོན་ (Deborah Smith and Emily Yae Won.) གཉིས་ཀྱིས་དབྱིན་སྐད་དུ་བསྒྱུར། London/New York: Hogarth. ISBN 9780593595275.[༥༦]
  • (2016). མིའི་རིགས་ཀྱི་བྱ་སྤྱོད། དེ་བོ་རཱ་སྨི་ཐིས་ (Deborah Smith) དབྱིན་སྐད་དུ་བསྒྱུར། London: Portobello Books. ISBN 9781846275968.
  • (2017). མིའི་རིགས་ཀྱི་བྱ་སྤྱོད། དེ་བོ་རཱ་སྨི་ཐིས་ (Deborah Smith) དབྱིན་སྐད་དུ་བསྒྱུར། London/New York: Hogarth. ISBN 9781101906743.
  • (2017). དེབ་དཀར་པོ། དེ་བོ་རཱ་སྨི་ཐིས་ (Deborah Smith) དབྱིན་སྐད་དུ་བསྒྱུར། London: Portobello Books. ISBN 9781846276958.
  • (2019). དེབ་དཀར་པོ། དེ་བོ་རཱ་སྨི་ཐིས་ (Deborah Smith) དབྱིན་སྐད་དུ་བསྒྱུར། London/New York: Hogarth. ISBN 9780525573067.
  • (2025). ང་ཚོ་ཁ་འབྲལ། ཨེ་མི་ལི་ཡཱ་ཝོན་དང་པཻ་གེ་ཨ་ནི་ཡྰ་མོར་རིས་སི་ ( Emily Yae Won & Paige Aniyah Morris) གཉིས་ཀྱིས་དབྱིན་སྐད་དུ་བསྒྱུར། London/New York: Hogarth.

སྒྲུང་ཐུང་།

  • 2002. ངའི་མིང་ལ་ཉི་མའི་མེ་ཏོག་ཟེར། 내 이름은 태양꽃 [My name is Sunflower], Munhakdongne, 2002, ISBN 978-89-8281-479-2.
  • 2003. མེ་ཏོག་དམར་པོའི་སྒྲུང་། 붉은 꽃 이야기 [The red flower story], Yolimwon, 2003, ISBN 978-89-7063-333-6.
  • 2007. འབྲུག་སྐད་ཀྱི་ལྷ་མོ་ཆུང་ཆུང་དང་གློག་གི་ལྷ་མོ་ཆུང་ཆུང་། 천둥 꼬마 선녀 번개 꼬마 선녀 [Thunder little fairy, lightning little fairy], Munhakdongne, 2007, ISBN 978-89-546-0279-2.
  • 2008. མིག་ཆུའི་སྒམ། 눈물상자 [Tear box], Munhakdongne, 2008, ISBN 978-89-546-0581-6.

སྙན་ངག

  • ༢༠༡༣ ངས་དགོང་ཟས་ཤུད་སྒམ་ནང་དུ་བཞག་ཡོད། 서랍에 저녁을 넣어 두었다 [I put dinner in the drawer], Moonji, 2013, ISBN 978-89-320-2463-9.

རྩོམ་ཡིག

  • ༢༠༠༣། བརྩེ་བ་དང་བརྩེ་དུང་གི་མཐའ་འཁོར་གྱི་དངོས་པོ། 사랑과, 사랑을 둘러싼 것들 [Love and things surrounding love], Yolimwon, 2003, ISBN 978-89-7063-369-5.
  • ༢༠༠༧། གླུ་དབྱངས་ལྷོད་ཀྱིས་བླངས། 가만가만 부르는 노래 [A song to sing calmly], Bichae, 2007, ISBN 978-89-92036-27-6.

དཔྱད་གཞིའི་ཡིག་ཁུངས།

  1.  "한강, 전쟁으로 사람 죽는데 노벨상 축하잔치 안 된다고 해"한겨례 (in Korean). 20 October 2024.
  2.  "딸이 쓴 문장에 질투심이 동했다"...아버지 한승원 작가의 고백Maeil Business Newspaper (in Korean). 11 October 2024. Retrieved 13 October 2024.
  3.  Korean Writers: The Novelists, Minumsa Publishing p. 78
  4.  "[한강] 가만가만, 꿈꾸듯 노래한 한강". Archived from the original on 24 April 2016.
  5.  "Humans As Plants". english.donga.com. Archived from the original on 13 January 2019. Retrieved 13 January 2019.
  6.  "Humans As Plants". english.donga.com. Archived from the original on 13 January 2019. Retrieved 13 January 2019.
  7.  https://en.wikipedia.org/wiki/Han_Kang#cite_note-Khakpour-18
  8.  "Eyes that Pierce into the Hinterland of Life Novelist Han Kang". Korean Literature Now (in Korean). Archived from the original on 22 September 2019. Retrieved 25 July 2018.
  9.  Alter, Alexandra (17 May 2016), "Han Kang Wins Man Booker International Prize for Fiction With 'The Vegetarian'", The New York Times, archived from the original on 17 May 2016, retrieved 17 May 2016
  10.  Fan, Jiayang (8 January 2018). "Han Kang and the Complexity of Translation". The New Yorker. Retrieved 21 November 2021. In 2016, "The Vegetarian" became the first Korean-language novel to win the Man Booker International Prize, which was awarded to both its author, Han Kang, and its translator, Deborah Smith.
  11.  "Han Kang's The Vegetarian wins Man Booker International Prize". BBC. 16 May 2016. Retrieved 17 May 2016.
  12.  "The 10 Best Books of 2016". 1 December 2016. Retrieved 13 January 2019 – via NYTimes.com.
  13.  Yun, Charse (22 September 2017). "How the bestseller 'The Vegetarian,' translated from Han Kang's original, caused an uproar in South Korea". Los Angeles Times. Retrieved 3 May 2021.
  14.  "Human Acts". Portobello Books. Archived from the original on 28 April 2018.
  15.  McAloon, Jonathan (5 January 2016). "Human Acts by Han Kang, review: 'an emotional triumph'". The Telegraph. Archived from the original on 21 April 2016. Retrieved 7 April 2016.
  16.  Del Corona, Marco. "Premio Malaparte ad Han Kang". Corriere della Sera (in Italian). Archived from the original on 15 September 2017.
  17.  "The Man Booker International Prize 2018 shortlist". The Booker Prizes. Archived from the original on 23 August 2019. Retrieved 23 August 2019.
  18.  "The Man Booker International Prize 2018 shortlist". The Booker Prizes. Archived from the original on 23 August 2019. Retrieved 23 August 2019.
  19.  Beckerman, Hannah (17 December 2017). "Han Kang: 'I was looking for answers to fundamental questions, then I realised so is every writer'". The Guardian. Archived from the original on 23 April 2018. Retrieved 22 April 2018.
  20.  Creamer, Ella (10 October 2024). "South Korean author Han Kang wins the 2024 Nobel prize in literature". The Guardian. ISSN 0261-3077. Retrieved 10 October 2024.
  21.  Chihaya, Sarah (4 May 2023). "A Novel in Which Language Hits Its Limit—And Keeps On Going". The Atlantic. Retrieved 8 May 2023.
  22.  Woo Jae-yeon (17 May 2016). "Man Booker Int'l Prize winner Han Kang says writing book was journey for truth". Yonhap News Agency. Retrieved 12 October 2024.
  23.  Hwang Ji-yoon; Lee Tae-hoon; Kim Seo-young (11 October 2024). "Discovering Han Kang: Nobel laureate bridging history and humanity through literature". The Chosun Daily. Retrieved 12 October 2024.
  24.  Kim Minjoo (15 October 2024). "Han Kang Divorces With Her Husband, A Literary Critic Who Changed His Mind On 'Dink'". Maeil Business Newspaper. Retrieved 15 October 2024.
  25.  "노벨상 작가님이 직접 운영한다고?…'3평' 골목책방 앞은 인산인해". 매일경제 (in Korean). 12 October 2024. Retrieved 13 October 2024.
  26.  Beckerman, Hannah (17 December 2017). "Han Kang: 'I was looking for answers to fundamental questions, then I realised so is every writer'". The Guardian. Archived from the original on 23 April 2018. Retrieved 22 April 2018.
  27.  Smith, Deborah; Shin, Sarah (March 2016). "Interview with Han Kang". The White Review. Archived from the original on 27 November 2018. Retrieved 27 November 2018.
  28.  "Biography". Han Kang. Retrieved 11 October 2024.
  29.  Flood, Alison (31 August 2018). "Han Kang to bury next book for almost 100 years in Norwegian forest". The Guardian. Retrieved 11 October 2024.
  30.  Flood, Alison (28 May 2019). "Han Kang hands over book to remain unseen until 2114". The Guardian. Retrieved 11 October 2024.
  31.  "RSL International Writers: 2023 International Writers". Royal Society of Literature. 3 September 2023. Retrieved 3 December 2023.
  32.  Spanoudi, Melina (30 November 2023). "RSL announces two new awards and appoints 12 authors to International Writers programme". The Bookseller. Retrieved 12 October 2024.
  33.  Staff, The New York Times Books (8 July 2024). "The 100 Best Books of the 21st Century". The New York Times. ISSN 0362-4331. Retrieved 11 October 2024.
  34.  The Nobel Prize in Literature 2024". Nobel Media AB. Retrieved 10 October 2024.
  35.  "The Nobel Prize in Literature 2024 – Press release". NobelPrize.org. Retrieved 10 October 2024.
  36.  Creamer, Ella (10 October 2024). "South Korean author Han Kang wins the 2024 Nobel prize in literature". The Guardian.
  37.  Lee, Dae Woong (11 October 2024). "소설가 한강, 노벨문학상 수상 쾌거… 아시아 여성 작가 최초" ["Novelist Han Kang Makes History as the First Asian Woman to Win the Nobel Prize in Literature"]. Christian Today (in Korean). Retrieved 11 October 2024.
  38.  "Biography". Han Kang. Retrieved 11 October 2024.
  39.  "Biography". Han Kang. Retrieved 11 October 2024.
  40.  Smith, Deborah; Shin, Sarah (March 2016). "Interview with Han Kang". The White Review. Archived from the original on 27 November 2018. Retrieved 27 November 2018.
  41.  "Biography". Han Kang. Retrieved 11 October 2024.
  42.  "Biography". Han Kang. Retrieved 11 October 2024.
  43.  "Biography". Han Kang. Retrieved 11 October 2024.
  44.  Alter, Alexandra (17 May 2016), "Han Kang Wins Man Booker International Prize for Fiction With 'The Vegetarian'", The New York Times, archived from the original on 17 May 2016, retrieved 17 May 2016
  45.  Del Corona, Marco. "Premio Malaparte ad Han Kang". Corriere della Sera (in Italian). Archived from the original on 15 September 2017.
  46.  "Il Malaparte 2017 ad Han Kang". Premio Malaparte (in Italian). Capri. 12 September 2017. Archived from the original on 8 December 2023. Retrieved 25 October 2024.
  47.  "Biography". Han Kang. Retrieved 11 October 2024.
  48.  "Biography". Han Kang. Retrieved 11 October 2024.
  49.  "Novelist Han Kang is Korea's first to win famed French award". Korea.net. 10 November 2023. Archived from the original on 23 November 2023. Retrieved 10 October 2024.
  50.  "Le Prix Émile Guimet de littérature asiatique". Musée Guimet. Archived from the original on 26 September 2024. Retrieved 11 October 2024.
  51.  "Han Kang". The Ho-Am Foundation. 2024. Retrieved 10 October 2024.
  52.  "The Nobel Prize in Literature 2024". Nobel Media AB. Retrieved 10 October 2024.
  53.  "The Nobel Prize in Literature 2024 – Press release". NobelPrize.org. Retrieved 10 October 2024.
  54.  Lee, Ho-jae (15 October 2024). "Han Kang to attend the Pony Chung Innovation Award ceremony". The Dona-A Ilbo. Retrieved 23 October 2024.
  55.  Filgate, Michele (17 April 2023). "Why 'The Vegetarian' author Han Kang's newly translated novel is her gutsiest yet". Los Angeles Times. Archived from the original on 15 June 2023. Retrieved 23 June 2023.
  56.  Novey, Idra (18 April 2023). "A Narrator Locked in Silence, Who Finds Solace in an Ancient Language". The New York Times. ISSN 0362-4331. Archived from the original on 28 April 2023. Retrieved 23 June 2023.

2025/04/07

ཇི་ལེ་བི་(Jilebi) ངོ་སྤྲོད།

 ཇི་ལེ་བི་(Jilebi)དེང་སང་གྲགས་ཆེ་བའི་ཇི་ལེ་བིའི་ངོ་སྤྲོད།

ཇི་ལེ་བི་(Jilebi)འམ་ཇ་ལེ་བི་(Jalebi)ནི་ལྷོ་ཨེ་ཤེ་ཡ་དང་། དབུས་ཤར་། དེ་བཞིན་བྱང་ཨ་ཧྥི་རི་ཀའི་མངའ་ཁུལ་ཁག་ཏུ་དར་སྲོལ་ཆེ་བའི་མངར་ཟས་གྲགས་ཅན་ཞིག་རེད། འདི་བཟོ་ཚུལ་ནི་གྲོ་ཟན་སྐྱོ་མ་ལྟ་བུ་བཟོས་ཏེ་ཁུག་མ་ཞབས་བརྡོལ་ཞིག་ཏུ་བླུགས། དེ་ནས་སྣུམ་ཁོལ་མའི་ནང་པ་ཏྲའི་རི་མོ་ལྟར་བླུགས་ནས་བཟོ་དགོས་པ་རེད། རྒྱུ་ཆ་ནི་གྲོ་དང་། བྱེ་མ་ཀ་ར་གཉིས་གཙོ་བོར་བྱེད།

འབྱུང་ཁུངས་དང་ལོ་རྒྱུས།

དེ་འང་དུས་རབས་དཀྱིལ་མའི་སྐབས་སུ་ཇི་ལེ་བི་དབུས་ཤར་དུ་ཐོག་མར་བྱུང་སྐབས་མིང་ལ་”ཛུ་ལ་བི་ཡ་”(Zulabiya)ཞེས་འབོད་པར་གྲགས། དེ་རྗེས་པར་སིག་ཚོང་པ་ཚོས་རྒྱ་གར་ཡུལ་གླིང་དུ་ངོ་སྤྲོད་བྱས་པ་དང་འབྲེལ་ད་ལྟའི་རྒྱ་གར་དང་། བལ་ཡུལ། པ་ཀི་སྠན། བྷང་ལ་དེ་ཤི་ལྟ་བུ་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཏུ་དགའ་མོས་བྱེད་པའི་བཟའ་བཅའ་ཞིག་ཏུ་གྱུར།














Regional variants ཡུལ་འདྲ་མིན་དུ་ཐ་སྙད་འདོགས་ཚུལ།:
  1. Afghanistan (جلیبی Jalebi, ཇ་ལེ་བི།)
  2. Algeria (Zalabia: زلابية, ཨལ་གེ་རི་ཡ།)
  3. Azerbaijan (Zülbiyə or zilviyə, ཟུལ་བི་ཡ།)
  4. Bangladesh (Jilapi, ཇི་ལ་པི།)
  5. Egypt (Meshabbek: مشبك, མེ་ཤབ་བེཀ།)
  6. Ethiopia (Mushebek: ሙሸበክ, མུ་ཤེ་བེཀ།)
  7. Fiji (Jalebi, ཇ་ལེ་བི།)
  8. India (Jilebi ജിലേബി, ཇི་ལེ་བི།)
  9. Iran (Zoolbia: زولبیا, ཟཽལ་བི་ཡ།)
  10. Iraq (Zalabia, ཟ་ལ་བི་ཡ།)
  11. Kurdistan (Zülubiya, ཟུ་ལུ་བི་ཡ།)
  12. Nepal (Jerry जेरी, ཇོ་རཱི།)
  13. Pakistan (Jalebi جلیبی, ཇ་ལེ་བི།)
  14. Sri Lanka (Pani Walalu පැණි වළලු, པ་ནི་ཝ་ལ་ལུ།)
  15. Syria (Zinghol, ཟིང་གྷོལ།)
  16. Tunisia (Zlabia, ཟླ་བི་ཡ།)
  17. Turkey (Zulbiye, ཟུལ་བི་ཡེ།)
  18. Western Asia (Zalabiyeh, ཟ་ལ་བི་ཡ།)

2024/11/29

ཀིནྣཽར་སྐད་ཡིག Kinnaur Languge

 ད་ལྟའི་ཀིནྣཽར་སྐད་ཡིག་གི་གནས་སྟངས་ནི་མ་འོངས་བོད་སྐད་ཀྱི་ལུང་བསྟན་ཉག་གཅིག་ཏུ་ངེས།

སྤྱིར་ཀིནྣཽར་མི་དམངས་ནི་རང་གི་ཕ་སྐད་དང་ཧིནྡི་སྐད་ཡིག་གཉིས་ཀ་ཤོད་ཐུབ་མཁན་ཡིན་ཡང་། ཡུལ་སྐད་མི་འདྲ་བ་(བརྒྱད་ལས་གཅིག་ཧིནྡི་དུ་དང་གཞན་བོད་སྐད།)རྣམས་ལས་ཧིནྡི་སྐད་ཡིག་ནི་ཕན་ཚུན་འབྲེལ་གཏུག་བྱེད་པའི་སྐད་ཆ་གཙོ་བོར་བྱེད། དེ་ནི་སློབ་གྲྭ་དང་མཐོ་སློབ་དང་། སྲིད་གཞུང་ལས་ཁུངས། ཚོང་ར། དངུལ་ཁང་སོགས་ཀྱི་སྐད་ཡིག་གཙོ་བོའང་ཡིན། ཁྱད་པར་གཞོན་རབས་པ་རྣམས་ནི་ཧིནྡིའི་གློག་བརྙན་དང་། རོལ་མོ། ལག་འཁྱེར་ཁ་པར། ཚགས་པར་སོགས་བརྡ་འཕྲིན་ཀྱི་སྤྱི་ཚོགས་ཀྱིས་ཤུགས་རྐྱེན་ཆེན་བ་དང་། དེའི་རྐྱེན་གྱིས་ཀིནྣཽ་རང་གི་གླུ་གཞས་གསར་རྩོམ་རྣམས་ཀྱང་ཧིནྡིའི་སྐད་ཡིག་གི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཕྱོགས་གཞན་ནས་མ་འོངས་པར་ཤེས་ཡོན་དང་ལས་ཞུགས་ཀྱི་ཁེ་ཕན་ཐོབ་ཆེད་དུ་མི་རབས་གཞོན་པ་རྣམས་ལ་ཧིནྡིའི་སྐད་ཡིག་སྦྱོང་དགོས་པ་དང་ཤོད་དགོས་པའི་སྐུལ་མ་རྒྱུན་དུ་བྱེད། དེར་བརྟེན་ཁུ་ནུའི་སྐད་ཡིག་ཆུ་རྒྱུག་རྒྱུག་བཤད་ཐུབ་མཁན་ནི་ཕྱི་ཕྱོགས་དང་འབྲེལ་འདྲིས་ཉུང་བའི་རྒན་རབས་པ་དང་དེང་རབས་ཅན་གྱིས་ཤུགས་རྐྱེན་མ་ཐེབས་པའི་མི་རབས་བར་མ་རྣམས་ཡིན། ད་ནི་མི་རབས་རྗེས་མ་རྣམས་ལ་རིག་གཞུང་གི་ཤེས་བྱ་དང་མེས་པོའི་ཤུལ་བཞག་རྣམས་རྒྱུད་འཛིན་བྱེད་ཐུབ་མིན་ལ་དོགས་གནས་ཆེན་པོ་ཡོད།
ཁུངས། NEGI, HARVINDER K U M A R. “LANGUAGE USE, PRESTIGE AND VITALITY OF LANGUAGES IN KINNAUR.” International Journal of Dravidian Linguistics , 2023.

2024/11/26

The Explanation of All the Faults of Intoxicating Slcohol. by Longchenpa

 

The Intelligent Rabbit's Expression of Realization:
the Answer to Questions Like the Sound of the Deity's Drum.

(Derge edition, gtam tshogs, volume Śrī,  fools. 10b7–12a4)

Composed by the Omniscient Longchen Rabjampa Drime Ösal (1308–1364)


The Supreme Hare Said:

Listen to the explanation of all the faults of intoxicating alcohol,
Which, when relied upon, leads to wrong paths.
It becomes the basis of all non-virtuous actions, afflictions, and carelessness,
And causes the decline of both spiritual and worldly prosperity.


1. The Demon of Gossip
When one drinks, and it enters the stomach,
The demon of gossip enters the heart.
Secrets are revealed, and idle talk abounds—
Abstain from intoxicating alcohol from today onwards.


2. The Demon of Blabbering
When one drinks, and it enters the stomach,
The demon of blabbering takes root in the heart.
Arguments, reckless laughter, and mindless singing increase—
Abstain from intoxicating alcohol from today onwards.


3. The Demon of Craving
When one drinks, and it enters the stomach,
The demon of craving arises in the heart.
Insatiable thirst, with no sense of moderation, dominates—
Abstain from intoxicating alcohol from today onwards.


4. The Demon of Instability
When one drinks, and it enters the stomach,
The demon of instability takes over the heart.
Speech becomes unreliable, and behavior changes erratically—
Abstain from intoxicating alcohol from today onwards.


5. The Demon of Forgetfulness
When one drinks, and it enters the stomach,
The demon of forgetfulness emerges in the heart.
Memory fades, and analytical intelligence diminishes—
Abstain from intoxicating alcohol from today onwards.


6. The Demon of Procrastination
The moment one drinks, and it enters the stomach,
The demon of procrastination grips the heart.
Today’s tasks are delayed to tomorrow and beyond—
Abstain from intoxicating alcohol from today onwards.


7. The Demon of Decline
When one drinks, and it enters the stomach,
The demon of decline seizes the heart.
Even present prosperity swiftly erodes—
Abstain from intoxicating alcohol from today onwards.


8. The Demon of Loss
When one drinks, and it enters the stomach,
The demon of loss invades the heart.
Focus is scattered, and accomplishments slip away—
Abstain from intoxicating alcohol from today onwards.


9. The Demon of Destruction
When one drinks, and it enters the stomach,
The demon of destruction descends upon the heart.
Spiritual and worldly abundance are ruined—
Abstain from intoxicating alcohol from today onwards.


10. The Demon of Disease
When one drinks, and it enters the stomach,
The demon of disease grips the heart.
Illnesses like jaundice, fevers, and plagues proliferate—
Abstain from intoxicating alcohol from today onwards.


11. The Demon of Impairment
When one drinks, and it enters the stomach,
The demon of impairment clouds the heart.
The purity of senses diminishes, including vision—
Abstain from intoxicating alcohol from today onwards.


12. The Demon of Bewilderment
When one drinks, and it enters the stomach,
The demon of bewilderment confuses the heart.
Caution is lost, and harmful forces take their chance—
Abstain from intoxicating alcohol from today onwards.


13. The Demon of Harm
When one drinks, and it enters the stomach,
The demon of harm enters the heart.
Conflict, recklessness, and ruin ensue—
Abstain from intoxicating alcohol from today onwards.


A Concluding Counsel:

Alcohol, with its myriad faults,
Destroys virtue and disrupts the holy Dharma.
Those seeking supreme liberation should abandon it entirely,
For drinking increases heedlessness and undermines the Three Trainings.

Even in the practice of secret mantra,
Its use is only a method in rare, secret circumstances.
But for all else, it leads to lower realms and dire consequences.
Thus, the wise ones of past and present condemn intoxicants.

Abandon it today—cast away its lure.
May the mind find joy in the virtuous Dharma!


2024/11/23

སངས་རྒྱས་ལྷ་ཡུལ་ནས་བབས་སའི་ས་གནས་དངོས།

དགེ་རྒན་ཆེན་མོ་རྡོ་རྗེ་དབང་ཕྱུག་གི་ངོ་དེབ་ཟིན་ཐོ་ལས། “ལྷ་ལས་བབས་པའི་གནས་ལ་ལེགས་སྦྱར་གྱི་སྐད་དུ་དེ་བཱ་བ་ཏཱ་ར་ (Devāvatāra) ཞེས་སམ་དེ་བཱ་བ་ཏ་ར་ཎ་ (Devāvataraṇa) སྟེ་ལྷ་ལས་བབས་པ་ཞེས་འབྱུང་། དེས་ན་ལྷ་ལས་བབས་པ་ཞེས་པ་ནི་སྟོན་པའི་མཛད་པ་ཞིག་གི་མིང་དང་མཛད་པ་གང་དུ་མཛད་པའི་ས་གནས་ཀྱི་མིང་དང་ལྷ་ལས་བབས་པའི་མཆོད་རྟེན་གི་མིང་དང་ལྷ་ལས་བབས་པའི་དུས་ཆེན་སོགས་ལ་འཇུག་པར་གསལ། ས་གནས་དེ་ལ་པཱ་ལིའི་སྐད་དུ་སཾ་ཀ་སྶ་ (Saṃkassa) ཞེས་དང་ལེགས་སྦྱར་གྱི་སྐད་དུ་སཱཾ་ཀཱ་ཤྱ་ (Sāṃkāśya) དང་སཾ་ཀཱ་ཤྱ་ (Saṃkāśya) དང་སཾ་ཀ་ཤྱ་ (Saṃkaśya) ཞེས་དག་ཆ་མི་འདྲ་བ་གསུམ་ཙམ་འབྱུང་།” ཞེས་གསུངས་པའི་ས་གནས་དེ་ལ། དེང་སང་སཱཾ་ཀཱ་ཤྱ་ (Sāṃkāśya) འམ་སངྐིསྶ་ (Saṅkissa) ནི་རྒྱ་གར་གྱི་གནའ་བོའི་གྲོང་ཁྱེར་ཞིག་ཡིན། གནས་འདིར་མཉན་ཡོད་ནས་རྒྱང་གྲགས་སུམ་བཅུའི་རྒྱང་ཐག་ཡོད་ཚུལ་«དྷམྨ་པ་དཏྠ་ཀ་ཐཱ་» (Dhammapadatthakathā, iii, 224) སོགས་ནང་པའི་ཡིག་ཆ་ཁག་ལས་གསལ་བས་ཡུལ་གྲོང་འདི་གནའ་དུས་སུ་གལ་ཆེན་ཞིག་ཡིན་པ་བརྗོད་མི་དགོས་པ་ཞིག་རེད།
སངས་རྒྱས་མྱ་ངན་ལས་འདས་རྗེས་རྒྱལ་པོ་མྱ་ངན་མེད་ (c. 304 – 232 BC) ཀྱིས་ནང་པའི་གནས་གཞི་ཁག་ཡར་རྒྱས་བཏང་བ་བཞིན། གནས་འདིར་ཡང་རྡོ་རིང་བཙུགས་པ་སོགས་མཛད་ཡོད་པ་ལས་ད་ལྟའང་རྡོ་བརྐོས་གླང་ཆེན་དང་རྡོ་རིང་གི་ཐོག་ཁེབ་གཉིས་མཇལ་དུ་ཡོད། དེ་བཞིན་གནས་འདིར་སངས་རྒྱས་ཀྱིས་ཞབས་བཅགས་མྱོང་བའི་རྗེས་དྲན་མཚོན་ཆེད་དུ་མཆོད་རྟེན་ཞིག་དང་ལྷ་ཁང་གཅིག་བཞེངས་ཡོད་པ་ལས། མཆོད་རྟེན་གྱི་ཤུལ་རྙིང་དེ་ད་ཆ་ཧིནྡུའི་ཆོས་ལུགས་ཀྱི་དུག་འཇོམས་པའི་སྦྲུལ་གྱི་ལྷ་མོ་ཝི་ཤ་རི་འམ་ (Viśari) མ་ན་སཱ་ (Manasā) ཡི་ལྷ་ཁང་ཞིག་ཏུ་གྱུར་ཟིན།
 གནས་འདིར་ཕྱི་ལོ་ 1842 ལོར་དབྱིན་ཇིའི་མི་རིགས་ཨེ་ལེག་ཟན་ཌེར་་ཁུན་ནིང་ཧམ་ (Alexander Cunningham) གྱིས་གནའ་བོའི་དགོན་པ་དང་ནང་པའི་མཆོད་རྟེན་གྱི་ཤུལ་རྙིང་ཡོད་པ་གསར་རྙེད་བྱུང་།
ཡོངས་གྲགས་སུ་ངོས་འཛིན་བྱུང་བ་ལྟར་ན། སཾ་ཀིསྶ་ (Saṅkissa) ནི་ཡུལ་སཾ་ཀི་ས་བ་སནྟ་པུ་རའི་ (Saṅkisa-Basantapura) ཁོངས་ཀྱི་ཆུ་བོ་ཨིཀྵུ་མ་ཏཱིའམ་ཀཱ་ལཱི་ན་དཱིའི་ (Ikṣumatī, Kālīnadī) བྱང་གི་གཙང་འགྲམ་དང་། ཡུལ་གྲོང་ཀམ་པིལ་ (Kampil, Kampilya) དང་ཀ་ནཽ་ཇི་ (Kannauj, Kānyakubja) གཉིས་ཀྱི་བར་དུ་ཆགས་ཡོད་ལ། ཡུལ་གྲོང་ཧྥ་ཏེ་གར་ (Fatehgarh) ནས་བརྩིས་ན་ནུབ་ཕྱོགས་སུ་མར་ལེ་ཉེར་གསུམ་དང་། ཀཻམ་གན་ཇི་ (Kaimganj) ནས་ལྷོ་ཕྱོགས་སུ་མར་ལེ་ཉི་ཤུ། ཀན་ནཽ་ཇི་ (Kannauj) ནས་བྱང་ཕྱོགས་སུ་མར་ལེ་ཞེ་ལྔའི་སར་ཡོད་ལ། དེ་ནི་རྒྱ་གར་གྱི་ཨུཏྟར་པྲ་དེ་ཤ་ (UP) མངའ་སྡེའི་ཧྥར་རུ་ཁ་བཌ་ (Farrukhabad) རྫོང་ཁོངས་སུ་ཆགས་ཡོད།

2024/11/21

Tibetan song by Menakā from Lithang

White Crane with Beautiful Wings
Solani Lamo! From far away, where have you come?
With head bowed in sadness, to whom do you speak?
Solani Lamo! Whose message of love do you carry?
Ah, yes! Behind the mountain pass, a childhood sweetheart—how is that person?
Ah, yes! How are the heartfelt words, brewing with longing from a distant lover?
Solani Lamo! Crane with beautiful wings,
Solani Lamo! Crane with beautiful wings.

Blue Cuckoo with a Sweet Voice
Solani Lamo! From far away, where have you come?
With your sweet song, to whom do you sing of longing?
Solani Lamo! Whose beloved’s message do you bring?
Ah, yes! Behind the mountain pass, a childhood sweetheart—how is that person?
Ah, yes! How are the heartfelt words, clearer than water and softer than moonlight?
Solani Lamo! Cuckoo with a sweet voice,
Solani Lamo! Cuckoo with a sweet voice.

Yellow Swan in Golden Robes
Solani Lamo! From far away, where have you come?
On your yellow feathers, vermilion dots have fallen.
Solani Lamo! Whose beloved’s messenger are you?
Ah, yes! Behind the mountain pass, a childhood sweetheart—how is that person?
Ah, yes! How are the heartfelt words, mingling longing and sadness, scattered from the depths of the heart?
Solani Lamo! Little golden-headed swan,
Solani Lamo! Little golden-headed swan.

Lyric: Gangpal
Melody Art: Gar Tsering samdrup.
Sing: Menakā (Rinchen Drolma) from Lithang

2024/11/07

ཨ་རིའི་གདོད་མིའི་མི་རིགས་རྩ་མེད་བཏང་ཚུལ།

ཨ་རིའི་གདོད་མིའི་མི་རིགས་རྩ་མེད་བཏང་ཚུལ་ཨ་རིའི་སྲིད་འཛིན་ཉེར་དྲུག་པ་ཐེའོ་ཌོར་རུ་སེ་ཝེལ་ཊི་ལགས་གསུང་དུམ་ཞིགཨ་རིའི་སྲིད་འཛིན་ཉེར་དྲུག་པ་ཐེའོ་ཌོར་་རུ་སེ་ཝེལ་ཊི་ (Theodore Roosevelt) ལགས་ཀྱིས་སྤྱི་ལོ་༡༨༨༦་ལོའི་གཏམ་བཤད་ཅིག་ཏུ་འདི་ལྟར་གསུངས་པ་ཐོ་འགོད་བྱས་འདུག

“ང་ཚོའི་འཚོ་གནས་ལ་བདེ་འཇགས་ཡོད་མེད་ནི་ཨ་རིའི་གདོད་མིའི་མི་རིགས་རྩ་མེད་གཏོང་རྒྱུ་དེ་གཅིག་པུ་ལ་རག་ལས་ཡོད་ཅེས་སྔོན་ཐོན་པས་དེ་སྔོན་ཁྱབ་བསྒྲགས་བྱས་མྱོང་། ང་ཚོས་དུས་རབས་མང་པོའི་རིང་ལ་ཨ་རིའི་གདོད་མིའི་མི་རིགས་ལ་དྲང་གཞག་མེད་པ་བྱས་ཡོད་ལ། ད་རུང་མུ་མཐུད་དེ་ང་ཚོའི་ཡར་ཐོན་ལ་སྲུང་སྐྱོབ་བྱེད་ཆེད་ནོར་འཁྲུལ་གྱི་ལམ་གཞན་ཞིག་སྟེ། འཛམ་གླིང་གོ་ལའི་ངོགས་ནས་དམུ་རྒོད་དང་དམུ་རྒོད་རང་བཞིན་ཅན་གྱི་སྲོག་ཆགས་འདི་དག་མེད་པར་བཟོ་རྒྱུ་དེ་ཡག་པོ་རེད།”
Theodore Roosevelt, the 26th president of the United States. He is recorded as having said this in an 1886 speech:
The Pioneer has before declared that our only safety depends upon the total extermination of the Indians. Having wronged them for centuries, we had better, in order to protect our civilization, follow it up by one more wrong and wipe these untamed and untamable creatures from the face of the earth.(**)
(**""L. Frank Baum's Editorials on the Sioux Nation"". Archived from the original on December 9, 2007. Retrieved December 9, 2007. Full text of both, with commentary by professor A. Waller Hastings